འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་96གིས་པེ་ཅིང་འཛམ་གླིང་ལྡུམ་རའི་སྒྱུ་རྩལ་དངོས་
    མང་སྟོན་ཚོགས་ནང་ཞུགས་རྒྱུའི་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་11ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་9ཉིན་བར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་96གིས་2019ལོའི་པེ་ཅིང་འཛམ་གླིང་ལྡུམ་རའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་ནང་ཞུགས་རྒྱུའི་གཏན་འཁེལ་བྱས་པ་དང་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཁག་གཅིག་གིས་གཏན་འཁེལ་འགྲོ་ལུགས་གཉེར་བཞིན་ཡོད་པས་སྔོན་དཔག་བྱས་ན་དངོས་མང་སྟོན་ཚོགས་ནང་ཞུགས་མཁན་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་100ལྷག་ཙམ་ཟིན་རྒྱུ་རེད། 2019ལོའི་པེ་ཅིང་འཛམ་གླིང་ལྡུམ་རའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་ཀྱི་སྲིད་གཞུང་གི་སྤྱི་ཁྱབ་འཐུས་མི་ཝང་ཅིན་ཀྲེན་གྱིས“དེ་ནི་འཛམ་གླིང་ལྡུམ་རའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་ཀྱི་ལོ་རྒྱུས་ཐོག་གཞུང་ཕྱོགས་ཀྱི་འགྲེམས་ཞུགས་པ་མང་ཤོས་ཤིག་རེད་ལ་དེ་ནི་ངོ་མཚར་ཆེ་བའི་འཛམ་གླིང་ལྡུམ་རའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་ཤིག་ཡིན་པའི་སྔ་བལྟས་ཀྱང་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།