འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།“སྣོད་བཅུད+རིག་གནས”ཀྱིས་མཚོ་སྔོན་བཀའ་མ་ལོག་གི་གྲོང་གསེབ་ཡུལ་སྐོར་
    གྱི“ཕྱུག་འགྱུར་ལམ་བུ”བརྟན་པོ་བཏིང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་11ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་ལྔ་པའི་ཟླ་འགོར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བཀའ་མ་ལོག་ཧུད་རིགས་ཐུའུ་རིགས་རང་སྐྱོང་རྫོང་ཤི་ཀོའུ་ཤང་ནན་ཡོན་གྲོང་ཚོའི་པད་མའི་སྤྲོ་གསེང་ར་བའི་ནང་ཐེའུ་ཡིས་ཁེངས་པའི་སྣུམ་སྤྱོད་པད་མ་ཚང་མ་བཞད་ཁ་ཕྱེ་ལ་ཉེ།
         “ས་གནས་དེ་གའི་གནམ་གཤིས་ལེགས་པས་དེ་གར་སྣུམ་སྤྱོད་པད་མ་འདེབས་ཀྱི་ཡོད། སྣུམ་སྤྱོད་པད་མར་ལྟ་རིན་ཡོད་ལ་སྣུམ་ཡང་འཚག་ཐུབ་ཀྱི་ཡོད། ལོ་གཉིས་གོང་ང་ཚོ་དང་ཀུང་སི་མཉམ་ལས་བྱས་ཏེ་པད་མའི་སྤྲོ་གསེང་ར་བ་བཙུགས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་སྟེ་གྲོང་གསེབ་ཡུལ་སྐོར་གྱི“མྱུར་ལམ”ཐོག་ཧུར་ཐག་བསྐྱོད་ཡོད”ཅེས་ཤི་ཀོའུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་མཱ་ཞུའེ་ཀུའེ་ཡིས་བཤད།
         ནན་ཡོན་གྲོང་ཚོ་ནི་གྲོང་ཚོ་དབུལ་པོ་ཞིག་ཡིན་ཞིང་། གྲོང་ཚོའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་43ཡི་མི་150ཡོད། མིག་སྔའི་བར་པད་མའི་སྤྲོ་གསེང་ར་བའི་རྣམ་གྲངས་ལ་ས་ཞིང་མུའུ་1150བརྒྱུད་བཤུག་བྱས་པ་དང་གྲོང་ཚོའི་མི་འབོར་དབུལ་པོ་105ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱས་ཡོད།
         “ལས་ཀ་གཙོ་བོ་ནི་ས་བོན་འདེབས་རྒྱུ་དང་རྩྭ་ངན་འཐུ་རྒྱུ་ཡིན་པས་དཀའ་ལས་ཁག་པོ་མི་འདུག ན་ནིང་ཡོང་འབབ་ཁྲི་2ལྷག་ཙམ་བྱུང་། འདི་ལོ་ཚོད་དཔག་བྱས་ན་ཡོང་འབབ་ཁྲི་3ཙམ་ཡོང་བཟོ་འདུག ཕྱིར་ལས་མི་རྒྱུག་པར་ཕྱིན་པ་ལས་ལེགས་པ་འདུག”ཅེས་པད་མའི་སྤྲོ་གསེང་ར་བར་ལས་ཀ་བྱས་ཏེ་ལོ་གཉིས་ལྷག་ཙམ་ཕྱིན་པའི་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་པའེ་ཧྥུའུ་ཞུའེ་ཡིས་བཤད།
         དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་པའི་གྲོང་གསེབ་ཡུལ་སྐོར་གྱིས་ཞིང་པའི་ཡོང་འབབ་མང་དུ་གཏོང་ཐུབ་པ་བྱེད་དགོས་ལ་ཞིང་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་དང་སྣོད་བཅུད་ཞིང་ལས་འཕེལ་རྒྱས་ལ་རོགས་སྐྱོར་ཡང་བྱེད་ཐུབ་པ་བྱེད་དགོས། པད་མའི་སྤྲོ་གསེང་ར་བའི་རྣམ་གྲངས་ཀྱི་འགན་འཁུར་བ་ཧོ་ཀྲི་ཏུང་གིས་སྣོད་བཅུད་ཡུལ་སྐོར་ནི་གྲོང་གསེབ་ཡུལ་སྐོར་གྱི“རྨང་གཞི”ཡིན་པས“ངེས་པར་དུ་བརྟན་པོ་འདིང་དགོས་པའི”ངོས་འཛིན་བྱེད་ཀྱི་ཡོད།
         ལྡུམ་རའི་ལག་རྩལ་ཆེད་ལས་ནས་ཐོན་པའི་ཧོ་ཀྲི་ཏུང་གིས་གྲོང་གསེབ་ཀྱི་སྣོད་བཅུད་ཉམ་ཞན་དང་རྩ་ཆེན་ཡིན་པ་ཤེས་ཀྱི་ཡོད་པས་པད་མའི་སྤྲོ་གསེང་ར་བའི་རྣམ་གྲངས་རིགས་པས་ཁུངས་སྐྱེལ་དང་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་སྣོད་བཅུད་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ཡང་ཡང་ནན་བཤད་བྱས། གསར་འགོད་པ་དང་གླེང་མོལ་བྱེད་སྐབས་ཁོང་གིས་ས་སློག་བརྒྱབ་སྟེ་ས་སྤུས་དང་སྣུམ་སྤྱོད་པད་མའི་སྐྱེ་ཚུལ་ལ་ལྟ་བཞིན་མཆིས། སྣུམ་སྤྱོད་པད་མའི་ར་བ་ཞིག་ཏུ་སླེབས་པ་དང་ཁོང་གིས་སྣུམ་སྤྱོད་པད་མའི་འགྲམ་གྱི་སྲན་ནག་གི་མྱུ་གུར་མཛུབ་མོ་བཙུགས་ཏེ་གསར་འགོད་པར་དེའི་སྐོར་གྱི“སྣོད་བཅུད་ཤེས་བྱ”བརྗོད།
         སྲན་ནག་ལ་རྩ་རྡོག་འབུ་ཕྲ་ཡོད་པ་དང་ཏན་རླུང་ལེན་པ་དང་ས་ཞིང་གཤིན་པོ་བཟོ་བའི་ནུས་པ་ལྡན་པས་ས་རྒྱུའི་གཤིན་ཚད་མཐོ་རུ་གཏོང་ཐུབ་ཀྱི་ཡོད་པ་གཞི་ནས་ཤེས་བྱུང་། “སྣུམ་སྤྱོད་པད་མ་ཚང་མའི་འགྲམ་དུ་སྲན་ནག་བཏབ་ཡོད། རྫས་ལུད་བརྒྱབ་མེད་པས་སྲན་ནག་སྨིན་མ་ཡུལ་སྐོར་བས་འཐུས་ན་འགྲིག་གི་ཡོད། ཁུ་ཚུར་གྱི་ཆེ་ཆུང་ཙམ་ཡོད་པའི་སྲན་ནག་གིས་ས་རྒྱུ་ལེགས་སུ་གཏོང་ཐུབ་ལ་ཡུལ་སྐོར་བའི་ཡུལ་སྐོར་ཉམས་ལེན་ཕུན་སུམ་ཚོགས་སུ་གཏོང་ཐུབ་པས་ཕན་འབྲས་ཆེན་པོ་ཐོན་ཡོད”ཅེས་ཧོ་ཀྲི་ཏུང་གིས་འཛུམ་དམུལ་དམུལ་ངང་བཤད།
         འདི་ལོ་ཤིས་ཀོའུ་ཤང་སྲིད་གཞུང་གིས་པད་མའི་སྤྲོ་གསེང་ར་བ་དེ་གྲོང་གསེབ་ཀྱི་གཙོ་གནད་ཡུལ་སྐོར་དཔེ་སྟོན་རྣམ་གྲངས་སུ་བརྩིས་ནས་མི་སྟོང་ཕྲག་ཁ་ཤས་ལས་ཞུགས་ཐུབ་རྒྱུའི་སྣེ་ཁྲིད་འཆར་གཞི་བཀོད་ཡོད། མཱ་ཞུའེ་ཀུའེ་ཡིས་མིག་སྔའི་ལས་ཀའི་དཀའ་གནད་ནི་ཇི་ལྟར་བྱས་ཏེ་གྲོང་ཚོའི་ན་གཞོན་ཕ་ཡུལ་དུ་ལས་ཞུགས་ཐུབ་པ་བྱ་རྒྱུ་དེ་རེད་ཅེས་གསར་འགོད་པར་བཤད།
         “ཕྱོགས་གཅིག་ནས་ཕྱོགས་བསྡུས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་སྟེ་ན་གཞོན་ལ་འཚམ་པའི་ལས་གནས་དེ་བས་མང་བ་མཁོ་འདོན་བྱེད་དགོས་པ་དང་ཕྱོགས་གཞན་ཞིག་ནས་རིག་གནས་ལ་བརྟེན་ནས་ན་གཞོན་འདི་གར་སྡོད་ཐུབ་པ་བྱེད་འདོད་འདུག”
         “རིག་གནས་ཀྱང་གྲོང་གསེབ་ཡུལ་སྐོར་གྱི“རྨང་གཞི”ཡིན”རིག་གནས་ཀྱི“རྨང་གཞི”ཡག་པོ་འདིང་མ་ཐུབ་ན་གྲོང་གསེབ་ཡུལ་སྐོར་ཡང“རྐང་པ་གཅིག་ལ་བརྟེན་ནས་གོམ་པ་སྤོས་པ་ལྟར”ཡིན་ཞེས་མཱ་ཞུའེ་ཀུའེ་ཡིས་བཤད།
         ཉེ་བའི་ལོ་ཤས་རིང་མི་འབོར་ཁྲི་44ཡོད་པའི་བཀའ་མ་ལོག་རྫོང་གི་གྲོང་གསེབ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ན་ནིང་རྫོང་དེ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས་ཀྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་91.68ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་27137.28བྱུང་བ་དེ་རྫོང་དེ་ཡོངས་ཀྱིས་སྣེ་ལེན་ཞུས་པའི་མི་གྲངས་དང་ཡུལ་སྐོར་ཡོང་འབབ་ཀྱི་ཕྱེད་ཀ་བཟུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།