འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་པའི་ལྡོག་རྩིས་
    དུས་ཚོད་ཀྱི་བྱང་བུ་བཀོད་སྒྲིག་བྱས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་10ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་པའི་ལྡོག་རྩིས་
དུས་ཚོད་ཀྱི་བྱང་བུ་བཀོད་སྒྲིག་བྱས།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་9ཉིན། ཨོ་ལིམ་ཕིག་ནགས་ཚལ་སྤྱི་གླིང་གི་ནུབ་ངོས་ཀྱི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱལ་ཁབ་འཁྱགས་ཤུད་ཁང་གི་འཛུགས་སྐྲུན་ལས་ཡུལ་དུ་ལས་གྲྭ་ལེགས་གྲུབ་ཡོང་བའི་དུས་ཚོད་ལྡོག་རྩིས་བྱང་བུ་བཀོད་སྒྲིག་བྱས་ཡོད། མིག་སྔར། པེ་ཅིང་དང་ཡན་ཆིང་འགྲན་ཁུལ་དུ་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་པའི་ལྡོག་རྩིས་དུས་ཚོད་ཀྱི་བྱང་བུ་རིམ་བཞིན་བཀོད་སྒྲིག་བྱས་ནས། པེ་ཅིང་དུ་གཉེར་རྒྱུའི་རེ་ཞུའི་ཁས་ལེན་ལྟར། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཚོགས་ར་རིམ་བཞིན་2020ལོར་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་ཚོད་ལྟའི་འགྲན་བསྡུར་ཁག་གི་བླང་བྱ་ལྟར། གཞི་རྩའི་ཐོག་ནས་ལེགས་གྲུབ་བྱ་དགོས། ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ད་དུང་རྒྱལ་སའི་ངར་ལྕགས་ཚོགས་པའི་གངས་ཤུད་མཆོང་སྟེགས་ཆེན་མོ་ཡོད་པ་དང་། ཡན་ཆིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲོང་ཚོ་སོགས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་26སྐྲུན་འགོ་ཚུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།