འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབས་ཆེས་མཐོ་བའི་སྲོག་ཆགས་གླིང་འཛུགས་སྐྲུན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་10ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབས་ཆེས་མཐོ་བའི་སྲོག་ཆགས་གླིང་འཛུགས་སྐྲུན།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་1ཉིན། བོད་ལྗོངས་ལྷ་ས་ས་གཙང་འབྱུང་འཕྲོད་སྲོག་ཆགས་སྲུང་སྐྱོབ་ར་བ་གཟབ་རྒྱས་ཆེ་བའི་ངང་སྒོ་འབྱེད་པ་རེད། དེ་ནི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབས་ཆེས་མཐོ་བའི་སྲོག་ཆགས་གླིང་ཡིན་པའི་ཆ་ནས། རྒྱལ་ནང་གི་སྨྱན་སྦྱོར་ཁང་མང་པོས་དོ་སྣང་བྱེད་བཞིན་ཡོད་པ་རེད།
         འཛམ་གླིང་ཡང་རྩེར་སྐྲུན་པའི་སྲོག་ཆགས་གླིང་ཁ།
         བོད་ལྗོངས་ལྷ་ས་ས་གཙང་འབྱུང་འཕྲོད་སྲོག་ཆགས་སྲུང་སྐྱོབ་ར་བ་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་དུ་ཡོད་པ་དང་། རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་ལ་སྨི་3700ཡས་མས་ཡོད་ཅིང་། རྒྱ་ཁྱོན་ལ་མུའུ་1240ཟིན་ཞིང་། སྲོག་ཆགས་གླིང་ཁ་དང་རོལ་རྩེད་ཁང་། གླིང་ཁ། ཚྭ་ཆུ་ཁུལ། ཞིང་ཁ། གཞུང་ལམ། ཆུའི་འཁོར་རྒྱུག་མ་ལག་བཅས་སྒྲིག་བཀོད་བྱས་ཡོད་ལ། དེ་བཞིན་དུ་མཐོ་སྒང་གི་ཆུ་ཐོག་གླིང་ཁ། ཁང་པའི་ནང་དུ་གངས་ཤུད་ར་བ་གླིང་ཁུལ་སོགས་སྒྲིག་བཀོད་བྱས་ཡོད་པ་རེད། གླིང་ཁ་ནང་དུ་གླང་ཆེན། སྟག སེང་གེ དོམ རྔ་མོང་། རྐྱང་། དོམ་ཕྲུག རྨ་བྱ། ཁྲུང་ཁྲུང་སྐེ་ནག་སོགས་རིགས་30ལྷག་གི་སྲོག་ཆགས་300ལྷག་ཡོད་པ་རེད།  
      

    ཕྱོགས་བསྡུས་གསར་འགྱུར།