འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།《ཐོག་ཁང་དམར་པོའི་རྨི་ལམ་》གློག་བརྙན་པར་གཞི་གསར་པ་ལ་བོད་ལྗོངས་དང་
    ཅང་སུའུ། ཀྲེ་ཅང་བཅས་ནས་མཛེས་ལྗོངས་ཕབ་སྐྲུན་བྱ་རྒྱུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་09ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཧུའུ་མེ་ཀྲི་ཡིས་གཙོ་ཁྲིད་བྱེད་པའི་《ཐོག་ཁང་དམར་པོའི་རྨི་ལམ་》གློག་བརྙན་པར་གཞི་གསར་པ་ཟླ་5བའི་ཟླ་སྨད་དུ་དངོས་སུ་ཕབ་སྐྲུན་འགོ་བརྩམ་རྒྱུ་ཡིན་པ་རེད། གློག་བརྙན་འདི་སྒྲིག་བཟོ་ཡི་མ་དངུལ་ནི་སྒོར་དུང་ཕྱུར་གཉིས་བརྒལ་ཡོད་པ་རེད། གློག་བརྙན་ནང"པའོ་ཡུས་དང་ཏའེ་ཡུས། པའོ་ཁྲའེ"བཅས་ནི་འཁྲབ་སྟོན་པ་ཁྲི་2ནང་ནས་འབུར་དུ་ཐོན་པའི་འཁྲབ་སྟོན་པ་གསར་པ་གསུམ་འདེམས་ནས་འཁྲབ་སྟོན་བྱ་རྒྱུདང་། 87ལོའི་གློག་བརྙན་པར་གཞི་ནང་གི་འཁྲབ་སྟོན་པ་ཚོའང་སླར་འཁྲབ་སྟོན་དུ་ཞུགས་རྒྱུའི་རེ་བ་ཡོད་པ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། ཧོ་པེའི་གནམ་འོག་གི་གྲོང་ཁྱེར་དང་པོ་རུ་པར་ལེན་ཁང་ཆེན་པོ་གསུམ་དུ་མཛེས་ལྗོངས་སྒྲིག་བཀོད་བྱ་རྒྱུ་ཕུད། འཁྲབ་སྟོན་ཚོགས་ཆུང་གིས་ད་དུང་བོད་ལྗོངས་ཉིང་ཁྲི་དང་ཧྲང་ཧའེ་ཏ་ཀོན་ཡོན། ཅང་སུའུ་ཐུང་ནང་། ཀྲེ་ཅང་ཝུའུ་ཀྲེན་སོགས་ས་ཁུལ་ནས་མཛེས་ལྗོངས་ཕབ་སྐྲུན་བྱ་རྒྱུ་ཡིན་པ་རེད། ཉེ་ཆར། མཚོ་སྔོན་གྱི་པར་ལེན་མཁན་གྱིས་མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་དབྱིང་ཁང་ཤང་ནང་ཁོངས་སུ་ཝ་མོ་ཆེ་ཆུང་གཉིས་ཀྱི་རྩེད་མོ་རྩེ་བའི་རྣམ་པ་ཡོད་དུ་འོང་བ་ཞིག་པར་བླངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།