འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཧིན་རྡུ་ཉི་ཞི་ཡའི་མཚོ་དམག་གིས་སྤེལ་བའི་རྒྱལ་སྤྱིའི་མཚོ་ཐོག་གྲུ་གཟིངས་ཀྱི་གཟིགས་འབུལ་
    མཛད་སྒོར་ཀྲུང་གོའི་མཚོ་དམག་དཔུང་རུ་ཞུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་08ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་5ཉིན“ཁོ་མོ་ཏོ—2018”རྒྱལ་ཁབ་མང་པོའི་མཉམ་འབྲེལ་ནང་སྦྱོང་ལ་ཞུགས་པའི་ཀྲུང་གོའི་མཚོ་དམག་གྲུ་གཟིངས་དཔུང་རུས་ཧིན་རྡུ་ཉི་ཞི་ཡའི་ལོང་མུའུ་གླིང་ཕྲན་གྱི་ཉེ་འགྲམ་མཚོ་ཁོངས་ཀྱི་གཏན་འཁེལ་གྲུ་སར་རྒྱལ་ཁབ་མང་པོའི་མཚོ་དམག་གྲུ་གཟིངས་དང་མཉམ་དུ་ཧིན་རྡུ་ཉི་ཞི་ཡའི་མཚོ་དམག་གིས་སྒྲིག་འཛུགས་བྱས་པའི་རྒྱལ་སྤྱིའི་མཚོ་ཐོག་གྲུ་གཟིངས་ཀྱི་གཟིགས་འབུལ་མཛད་སྒོར་ཞུགས་པ་རེད།
         གྲུ་གཟིངས་ཀྱི་གཟིགས་འབུལ་མཛད་སྒོའི་ཉིན་དེར། ཀྲུང་གོའི་མཚོ་དམག་གི་ནང་སྦྱོང་ལ་ཞུགས་མཁན་དཔོན་དམག་རྣམས་ད་དུང་ལས་གྲྭའི་དམངས་དོན་རོགས་སྐྱོབ་དང་། ཆེད་དོན་འཆད་ཁྲིད། གྲོང་ཁྱེར་སྐོར་ཞིབ་སོགས་ཕྱོགས་མང་སྤེལ་རེས་ཀྱི་བྱེད་སྒོར་ཞུགས་པ་མ་ཟད། ཀྲུང་གོའི་མཚོ་དམག་གི་བྱང་ཆུབ་པའི་དམག་དོན་ཆེད་ལས་བྱང་ཚད་དང་རྒྱལ་སྤྱིའི་གཟུགས་བརྙན་བཟང་པོ་མངོན་པར་བྱས་པ་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།