འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བྷེ་ཨུ་རུ་སུས་བྷེ་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རེ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་08ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། བྷེ་ཨུ་རུ་སུའི་རྒྱལ་དམངས་གྲོས་ཚོགས་སྤྱི་མཐུན་རྒྱལ་ཁབ་ཁང(གྲོས་ཚོགས་ཀྱི་གྲོས་ཁང་གོང་མ)གི་ཀྲུའུ་ཞི་མི་ཡ་སི་ཉི་ཁོའོ་ཝེ་ཆིས་ཚེས་4ཉིན་ཀྲུང་གོའི་གསར་འགོད་པའི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཐད་མུ་མཐུད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།
         མི་ཡ་སི་ཉི་ཁོའོ་ཝེ་ཆིས་བྷེ་ཨུ་རུ་སུས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་དེ་གའི་འཕེལ་རྒྱས་མཉམ་དུ་འཆར་འགོད་བྱེད་འདོད་ཡོད་པ་དང་། འཛམ་གླིང་གི་ཁྱབ་ཁོངས་སུ་ཀྲུང་གོ་དང་མཉམ་དུ་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་སྐྲུན་དངོས་འབྲེལ་བྱེད་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ཞེས་བརྗོད་པ་དང་། ཁོང་གིས་སླད་ཕྱིན་རྒྱལ་ཁབ་ཁག་གིས་མཉམ་དུ་འཆར་འགོད་དང་མཐུན་སྦྱོར་འཕེལ་རྒྱས་བཏང་ཚེ་གཞི་ནས་སྲུང་སྐྱོང་རིང་ལུགས་དང་ཚོང་དོན་གྱི་མཁར་རྫོང་མེད་པར་བཟོ་ཐུབ་པ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་མཉམ་ལས་ལ་གཞུང་དྲང་གི་ཆ་རྐྱེན་གཏོད་ཐུབ་པའི་ངོས་འཛིན་བྱས་པ་རེད།
         རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་སྐོར་གླེང་སྐབས། མི་ཡ་སི་ཉི་ཁོའོ་ཝེ་ཆིས་བྷེ་ཨུ་རུ་སུས་ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་བཏང་ཐུབ་ཚེ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་བརྒྱུད་སྤུས་ལེགས་བཟའ་བཅའ་དེ་བས་མང་བ་དང་ཚན་རྩལ་མཐོ་བའི་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་པ་དང་འབྲེལ་ཀྲུང་གོ་དང་དངུལ་རྩའི་མ་འཇོག་མཉམ་ལས་སོགས་ལ་ཤུགས་སྣོན་རྒྱག་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་དང་། ཁོང་གིས་འདི་ལོའི་ཀྲུང་གོའི“བྷེ་ཨུ་རུ་སུའི་ཡུལ་སྐོར་ལོའི”རིང་བྷེ་ཨུ་རུ་སུ་ཕྱོགས་ཀྱིས་སྟབས་བདེའི་ཆ་རྐྱེན་མཐའ་དག་བསྐྲུན་ནས་ཀྲུང་གོའི་ཡུལ་སྐོར་བ་བྷེ་ཨུ་རུ་སུར་ལྟ་སྐོར་དང་ཡུལ་སྐོར་ལ་ཡོང་རྒྱུའི་ཡིད་དབང་འགུགས་རྒྱུ་ཡིན་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།