འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་རྫོང(གྲོང་ཁྱེར་དང་ཆུས)28ཀྱི་GDPསོགས་ཀྱི་དཔྱད་ཞིབ་དམིགས་
    ཚད་མེད་པ་བཟོས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་08ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་བྱེད་པོའི་ནུས་པའི་ངེས་གནས་གཞིར་བཟུང་། ཞིང་ཆེན་རིམ་པའི་ཞིང་ལས་ཐོན་རྫས་གཙོ་ཐོན་ཁུལ་གྱི་ཁོངས་སུ་གཏོགས་པའི་རྫོང(གྲོང་ཁྱེར་དང་ཆུས)8དང་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་ཁོངས་སུ་གཏོགས་པའི་རྫོང་20ཡི་GDPདང་། བཟོ་ལས་ཀྱི་རིན་ཐང་འཕར་མ། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག ནོར་སྲིད་ཀྱི་ཡོང་འབབ་བཅས་བཞིའི་དཔྱད་ཞིབ་དམིགས་ཚད་མེད་པ་བཟོས་པ་དང་ཆབས་ཅིག་དཔྱད་ཞིབ་མི་འདྲ་བར་བརྟེན་ནས་ས་གནས་ཁག་གིས་ས་ཁུལ་གྱི་ལེགས་ཆར་གཞིས་ཚུགས་རྒྱུའི་ཁྲིད་སྟོན་གྱིས་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མི་འབོར་དབུལ་པོ་རྣམས་དུས་བཀག་ལྟར་2020ལོར་དབུལ་སྒྲོལ་ཐུབ་རྒྱུ་འགན་ལེན་བྱ་ཆེད། མཚོ་སྔོན་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་འབོར་དབུལ་པོ་མང་བ་དང་། དབུལ་ཕོངས་ཀྱི་ཚད་གཞི་ཟབ་པ། དབུལ་པོར་གྱུར་རྐྱེན་མང་བ། དབུལ་སྒྲོལ་གྱི་དཀའ་ཚད་ཆེ་བ་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལོ་ལྟར་རྒྱལ་ཁབ་ཀྱིས་རྫོང་ལ་བཏོན་པའི་དཔྱད་ཞིབ་བླང་བྱ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་བབ་གསར་པ་དང་། བླང་བྱ་གསར་པ། གཙོ་གནད་ལས་དོན་གྱི་འཕེལ་རིམ་གནས་ཚུལ་བཅས་ལ་གཞིགས་ནས་རྫོང(གྲོང་ཁྱེར་དང་ཆུས)གི་དཔྱད་ཞིབ་དམིགས་ཚད་ལ་ལེགས་སྒྲིག་བྱས་ཡོད། འདི་ལོ་རྫོང་འགའ་ཤས་དབུལ་ཞྭ་ཕུད་པར་བསམ་གཞིག་བྱས་ནས་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས“དབུལ་ཞྭ་ཕུད་པའི་རྫོང”དང“དབུལ་སྒྲོལ་འགག་སྒྲོལ་རྫོང”རིགས་དབྱེ་ནས་རྫོང(གྲོང་ཁྱེར་དང་ཆུས)གི་དཔྱད་ཞིབ་དམིགས་ཚད་གཏན་འཁེལ་བྱས་ཏེ་དབུལ་ཞྭ་ཕུད་པའི་རྫོང་ལ“དབུལ་པོ་ཐོན་ཚད་1.5%ལས་ཉུང་བ”དང“དབུལ་སྒྲོལ་མི་འབོར་གྱི་ལོར་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྫོང་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལས་མཐོ་བ་ཡོད་པ”“དབུལ་སྒྲོལ་ཕན་འབྲས་སྲ་བརྟན”སོགས་ཀྱི་དམིགས་ཚད་གསར་སྣོན་བྱས་ནས་དམིགས་ཚད་བཀོད་སྒྲིག་ལས་མཚོ་སྔོན་གྱི་ཁྱད་ཆོས་མངོན་པ་དང་ཞིང་ཆེན་གྱི་གནས་ཚུལ་དངོས་དང་འཚམ་ཐུབ་པ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་དཔྱད་ཞིབ་ཀྱི་སྟོན་ཕྱོགས་དང་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།