འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་མོ་གླང་མའི་ཡུལ་སྐོར་སྒར་ས་ཆེ་མོར་སྐུད་མེད་དྲ་རྒྱ་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་08ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4པའི་ཟླ་མཇུག་ནས་བཟུང་། ཇོ་མོ་གླང་མའི་ཡུལ་སྐོར་སྒར་ས་ཆེ་མོའི་སྦྲ་གུར་མགྲོན་ཁང་རིམ་བཞིན་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། ཉིན་ཤས་གོང་གསར་འགོད་པས་སྒར་ས་ཆེ་མོ་སྦྲ་གུར་མགྲོན་ཁང་མང་ཆེ་བར་སྐུད་མེད་དྲ་རྒྱ་ཁྱབ་པ་མཐོང་བྱུང་། ཡུལ་སྐོར་བས་ས་བབ་མཐོ་ཚད་སྨི་5000སར་སྟབས་བདེ་བའི་དྲ་རྒྱ་ལོངས་སུ་སྤྱོད་ཆོག
         ཀྲུང་གོ་གློག་འཕྲིན་ཚོགས་པ་ཀུང་སི་གཞིས་རྩེ་ཡན་ལག་ཀུང་སིའི་དིང་རི་གློག་འཕྲིན་ཅུས་ཀྱི་ཅུས་ཀྲང་བསྟན་འཛིན་གྱིས་ཇོ་རིའི་ཡུལ་སྐོར་སྒར་ས་ཆེ་མོ་ལོ་ལྟར་གྱི་ཟླ་4པ་ནས་10པའི་བར་གཉེར་སྐྱོང་བྱེད་ཀྱི་ཡོད་པས་དུས་ཚིགས་རང་བཞིན་ཆེ་བས་འོད་སྐུད་འཁྲིད་བདེ་པོ་མེད། དེར་བརྟེན་སྒར་སར་ཆེ་མོའི་སྐུད་མེད་དྲ་རྒྱ་གཙོ་བོ་WIFIདུད་སྣེར་བརྟེན་དགོས། དྲ་རྒྱ་ཤར་གཏོང་ཐུབ་རྗེས་ཡུལ་སྐོར་བྱེད་མཁན་མང་བའི་དུས་སུ་མགྲོན་ཁང་གི་སྦྱིན་བདག་དང་ཡུལ་སྐོར་བར་སྟབས་བདེ་བྱུང་ཡོད། སྦྲ་གུར་མགྲོན་ཁང་སྦྱིན་བདག་གིས་ཟླ་རེར་སྒོར་129སྤྲད་ན་WIFIདུད་སྣེ་ཞིག་ཉོ་ཆོག་ལ་རྫོགས་མེད་དྲ་བཞུད་གྲོན་ཚད་ཀྱང་ལོངས་སུ་སྤྱོད་ཆོག་ལ་དུད་སྣེ་རེས་མང་ཤོས་ལ་སྒྲིག་ཆས་10ཡིས་དུས་གཅིག་ཏུ་མཐུད་འཇུག་བྱེད་ཐུབ་ཀྱི་ཡོད་ཅེས་བཤད་བྱུང་།
         “འདི་ལོ་སྐུད་མེད་དྲ་རྒྱ་ཤར་གཏོང་ཐུབ་སྟབས་རང་ཉིད་ཀྱི་ལག་ཐོགས་ཁ་པར་གྱི་དྲ་བཞུད་ཡུལ་སྐོར་བར་གཡར་མི་དགོས། དེ་ལས་ཟླ་རེར་སྒོར་གཉིས་བརྒྱ་གསུམ་བརྒྱ་གྲོན་ཆུང་བྱེད་ཐུབ”ཅེས་སྒར་སའི་ཇོ་རི་མཛའ་མཐུན་མགྲོན་ཁང་གི་སྦྱིན་བདག་མཚོ་མོས་བཤད་བྱུང་།
         ཡུལ་སྐོར་བ་མང་པོས་སྒར་ས་ཆེ་མོར་སྐུད་མེད་དྲ་རྒྱ་སྤྱད་དེ་དྲ་ཞུགས་བྱེད་པ་དང་། ཇོ་རིའི་མཛེས་ལྗོངས་པར་དྲ་ཐོག་ཏུ་སྤྱོད་པ། དྲ་ཐོག་ནས་འཁྲབ་ཚན་ལྟ་བ་བཅས་བྱེད་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་།
         ཇོ་མོ་གླང་མའི་ཡུལ་སྐོར་སྒར་ས་ཆེ་མོ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཇོ་མོ་གླང་མ་རྒྱལ་ཁབ་སྤྱི་གླིང་དུ་གནས་པ་དང་ས་བབ་མཐོ་ཚད་སྨི་5000ཟིན་གྱི་ཡོད། དེ་ནི་ཡུལ་སྐོར་བ་ཇོ་རིའི་རྩེ་མོར་བསྐྱོད་པའི་ས་ཁོངས་ཉེ་ཤོས་ཤིག་རེད། ལོ་ལྟར་གྱི་ཟླ་4པ་ནས་10པའི་བར་ནི་ས་གནས་དེ་གའི་ཞིང་འབྲོག་པས་སྦྲ་གུར་མགྲོན་ཁང་གཉེར་སྐྱོང་བྱེད་པའི་དུས་ཡིན། མིག་སྔར། སྦྲ་གུར་མགྲོན་ཁང་59ནང་ནས་མགྲོན་ཁང་30ལ་སྐུད་མེད་དྲ་རྒྱ་ཤར་གཏོང་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།