འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ན་གཞོན་ཚོ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 16:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ཀྱི་ན་གཞོན་ཚོ།
         དཀོན་མཆོག་རྒྱལ་ནི་གཞིས་ཀ་རྩེ་ལྷ་རྩེ་རྫོང་སྨན་ཐང་ལུགས་ཀྱི་ལྷ་རིས་པའི་ཁྱིམ་རྒྱུད་ཅིག་ཡིན་ཞིང་། ཐང་གའི་དགེ་རྒན་ནི་ནོར་བུ་སྲི་ཐར་ཡིན་པ་དང་། ཐང་ག་སློབ་སྦྱོང་བྱས་ནས་ལོ་ངོ་20ལྷག་སོང་ཡོད་ཅིང་། ད་ལྟར་བོད་ལྗོངས་ཀྱི་རིམ་པ་དང་པོའི་ལྷ་རིས་པ་དང་། བོད་ལྗོངས་ཐང་ག་སློབ་གླིང་གི་གླིང་གཙོ་གཞོན་པ་ཡིན་པ་རེད། དཀོན་མཆོག་རྒྱལ་གྱིས། མི་རིགས་ཤིག་གི་རིག་གནས་རྒྱུད་འཛིན་བྱ་དགོས་ན། ཆེས་གནད་འགད་ཆེ་བ་ནི་མི་སྣ་གསོ་སྐྱོང་དེ་ཡིན་པ་དང་། ངའི་རེ་བ་ཆེ་ཤོས་ནི་ཐང་ག་རྒྱུད་འཛིན་བྱ་འདོད་ཡོད་པའི་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ཞེས་བཤད་། 
      
    【1】  【2】  【3】  【4】
      

    ཕྱོགས་བསྡུས་གསར་འགྱུར།