འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཁྲི་འདུ་རྫོང་དུ་ས་ཡོམ་རིམ་པ་5.3བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་སྔོན་ཁྲི་འདུ་རྫོང་དུ་ས་ཡོམ་རིམ་པ་5.3བརྒྱབ་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་6ཉིན། ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་5ཚེས་6ཉིན་གྱི་ཆུ་ཚོད་17དང་སྐར་མ་23ཐོག་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དུ་ས་ཡོམ་5.3བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང ་ཚད་ལ་སྟོང་སྨི་9ཡོད་ཅིང་། ས་ཡོམ་བྱུང་སའི་ལྟེ་བ་ནི་བྱང་གི་འཕྲེད་ཐིག་ཏུའུ་34.56དང་། ཤར་གྱི་གཞུང་ཐིག་ཏུའུ་96.53ཐོག་གནས་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ཀྱི་ལས་བྱེད་མི་སྣ་ས་ཡོམ་བྱུང་ཁུལ་དུ་རོགས་སྐྱོར་ལས་ཀ་བྱེད་པར་སོང་ཡོད་ཅིང་། མིག་སྔར་བར་མི་སྣར་རྨས་སྐྱོན་དང་རྒྱུ་ནོར་གཏོར་བརླག་བྱུང་བའི་སྙན་ཞུ་འབྱོར་མེད་པ་རེད་། 
      

    ཕྱོགས་བསྡུས་གསར་འགྱུར།