འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།2025ལོ་ནས་2030ལོ་བར་གྲོང་ཁྱེར་ཆེ་འབྲིང་ཁག་ཏུ་སྔོན་ལ་གྲོང་གསེབ་དར་
    རྒྱས་ཡོང་བ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་3ཉིན་རྒྱལ་ཡོངས་གྲོང་ཁྱེར་གྱི་དེང་རབས་ཞིང་ལས་སྤེལ་རེས་ཚོགས་འདུ་ཐེན་ཅིན་དུ་འཚོགས་ཤིང་། འདི་ནི་ཞིང་ལས་གྲོང་གསེབ་པུའུ་བཙུགས་རྗེས་འཚོགས་པའི་རྒྱལ་ཡོངས་རང་བཞིན་གྱི་ཚོགས་འདུ་ཐོག་མ་དེ་རེད།
         ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཀྲང་ཧྥུའུ་ཡིས། གྲོང་ཁྱེར་གྱི་ཞིང་ལས་འཕེལ་རྒྱས་ནི་དེང་རབས་ཞིང་ལས་དང་གྲོང་གསེབ་དར་རྒྱས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་དེས་གནས་བབ་གལ་ཆེན་བཟུང་ཡོད། གྲོང་ཁྱེར་གྱི་ཞིང་ལས་རྨང་གཞིའི་ཆུ་ཚད་དེ་བས་མཐོ་བ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་དེ་བས་ལེགས་པོ་ཡོད་པས་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཚེ། 2020ལོར་སླེབས་སྐབས་གཞི་རྩའི་ཆ་ནས་ཞིང་ལས་དེང་རབས་ཅན་སྔོན་ལ་མངོན་འགྱུར་ཐུབ་སྟེ། 2025ལོ་ནས་2030ལོའི་བར་གྲོང་ཁྱེར་ཆེ་འབྲིང་དུ་གྲོང་གསེབ་དར་རྒྱས་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་རིམ་བཞིན་འགྱུར་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད་ཅེས་བཤད།
         ཧན་ཀྲང་ཧྥུའུ་ཡིས་འདི་ལོ་ནི་གྲོང་གསེབ་དར་རྒྱས་ཀྱི་འགོ་ཚུགས་ལོ་ཞིག་ཡིན་པས་འགོ་ཡག་པོ་ཞིག་འཛུགས་ཐུབ་མིན་དང་གོམ་པ་ཡག་པོ་ཞིག་སྤོ་ཐུབ་མིན་ཐད་གྲོང་ཁྱེར་ཆེ་འབྲིང་གིས་གནས་བབ་གལ་ཆེན་བཟུང་ཡོད། དེར་བརྟེན། གྲོང་ཁྱེར་ཆེ་འབྲིང་གིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གྲོང་ཁྱེར་གྱི་དེང་རབས་ཐོན་ཁུངས་ཀྱི་གནོད་འཚེའི་རྒྱུ་རྐྱེན་གྲོང་ཁྱེར་ཉེ་འདབས་ཀྱི་གྲོང་གསེབ་ཏུ་ཕྱོགས་རྒྱུར་ཁྲིད་སྟོན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་གསབ་རེས་དང་ཐུན་མོང་དར་རྒྱས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་གསར་པ་ཞིག་ཆགས་གང་ཐུབ་བྱེད་དགོས། གྲོང་ཚོ་འཛུགས་སྐྲུན་འཆར་འགོད་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།