འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐོག་གི་འཕྲེད་བཅད་རིང་ཤོས་ཀྱི་དཔྱང་ཟམ་དེ་འབྲི་ཆུའི་ཐོག་ཟམ་སྣེ་མཐུད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་5ཉིན་ཁྲུང་ཆིང་གྲོང་ཁྱེར་ཨེ་ཀུང་ཡན་ལྕགས་ལམ་འགྲིམ་འགྲུལ་ཆེད་སྤྱོད་ཟམ་པའི་ལྕགས་སྒྲོམ་དུམ་བུ་མཐའ་མ་བསྒར་བ་དང་བསྟུན་ནས་འཛམ་གླིང་ཐོག་གི་འཕྲེད་བཅད་རིང་ཤོས་ཀྱི་དཔྱང་ཟམ་དེ་འབྲི་ཆུའི་ཐོག་བདེ་བླག་ངང་མཐུད་པ་མཚོན་ཡོད་པ་རེད།
         ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཟམ་ཆེན་ཅུས་ཀྱིས་སྐྲུན་འགན་ཁུར་བའི་ཨེ་ཀུང་ཡན་ལྕགས་ལམ་གྱི་ཆེད་སྤྱོད་ཟམ་པའི་རིང་ཚད་ལ་སྨི་1650ཟིན་པའི་ནང་ནས་མ་ཟམ་ནི་སྨི་600ཟིན་པའི་དཔྱང་ཟམ་ཡིན་པ་དང་། འཕྲེད་བཅད་གཏོང་ཚད་ནི་འཛམ་གླིང་ཐོག་གི་རིགས་མཚུངས་ཀྱི་ཟམ་པའི་ནང་ནས་རིང་ཤོས་ཡིན། མིག་སྔར། འཛམ་གླིང་ཐོག་བསྐྲུན་ཟིན་པའི་འཕྲེད་བཅད་རིང་ཤོས་ཀྱི་དཔྱང་ཟམ་ནི་ཨེ་སོ་ནི་ཡའི་མུའུ་ཧུའུ་གླིང་ཕྲན་གྱི་ཟམ་པ་ཡིན་པ་དེའི་མ་ཟམ་ལ་སྨི་480ཟིན་ཡོད། སྨི་480ནས་སྨི་600བར་ནི་གྲངས་ཀའི་ཐད་ཀྱི་འཕར་བ་ཙམ་མིན་པར་ཟམ་པ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ཇུས་འགོད་ནུས་པ་དང་ངར་ལྕགས་ལེབ་མོ་མཐུག་པོའི་ནུས་པ་དང་དེ་བཞིན་ཚ་ལ་རྒྱག་རྩལ། ཨར་སྐྲུན་ནུས་པ། ཨར་རྒྱག་སྒྲིག་བཀོད་སོགས་སྤུས་ཀའི་ཐད་ནས་གོང་འཕེལ་བྱུང་བ་ཞིག་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།