འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཐའ་མཚམས་གྲོང་ཚོར་རྣམ་པ་གསར་པ་མངོན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་མཐའ་སྲུང་དམངས་ཕྱུག་གི་གཙོ་རྐང་ལ་དམ་པོར་དམིགས་ནས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་ཡོད། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མག་མོན་པ་མི་རིགས་ཤང་གི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སྟེ། མག་མག་གྲོང་ཚོས་སྤུས་ལེགས་ཀྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཟམ་པ་བསྐྲུན་པ་དང་། ལམ་བཟོ་བ། ཁང་གསར་བརྒྱབ་པ། མགྲོན་ཁང་གཉེར་བ། ཇ་ཁང་བཙུགས་པ་བཅས་བྱས་པ་བརྒྱུད་ཁྱིམ་ཚང་ཚང་མར་ཡུལ་སྐོར་གྱི་ཕན་པ་ཐོབ་ནས་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་ཐུབ་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།