འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་ལྗང་མདོག་སྲུང་ཡོལ་བསྐྲུན་ནས"འབྲི་ཆུ་ཤང་ཤང་དུ་རྒྱུག"པའི་འགན་ལེན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་06ཉིན། 12:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    འབྲི་ཆུ།
    འབྲི་ཆུ།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྣོད་བཅུད་སྔོན་ལ་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཀྱི་ངེས་གནས་ལ་དམིགས་ཏེ་འབྲི་ཆུའི་སྟོད་རྒྱུད་དུ་གནས་པའི་ཡུན་ནན་ཞིང་ཆེན་གྱིས་ལྗང་མདོག་སྲུང་ཡོལ་བསྐྲུན་རྒྱུར་ཤུགས་བརྒྱབ་ནས་ས་ཆུ་གསོ་འཁྱོངས་འདུ་འགོད་དང་། རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ། བྱེ་རྡོ་ཅན་བཅོས་སྐྱོང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་སོགས་བྱེད་ཐབས་མང་པོ་མཉམ་སྤྱོད་ཀྱིས“འབྲི་ཆུ་ཤང་ཤང་དུ་རྒྱུག”པའི་འགན་ལེན་བྱས་ཤིང་། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཡུན་ནན་ས་ཁོངས་ནང་བདེ་ཆེན་དང་། ས་དམ། ཏ་ལིས། ཁྲུའུ་ཞུང་། ཁུན་མིང་། ཆུས་ཅིང་། ཀྲའོ་ཐུང་སོགས་ཀྲོའུ་དང་གྲོང་ཁྱེར་ཡོད་པ་དང་རྒྱུག་ཁུལ་རྒྱ་ཁྱོན་གྱིས་སྤྱི་ལེ་གྲུ་བཞི་མ་ཁྲི་10.95ཟིན་ཡོད།
    རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་མཇིང་ནག་གིས་ཡུན་ནན་ཀྲའོ་ཐུང་ཏ་ཧྲན་པའོ་ཁྲུང་ཁྲུང་མཇིང་ནག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འཚོ་སྡོད་བྱེད་བཞིན་པ།
    རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་མཇིང་ནག་གིས་ཡུན་ནན་ཀྲའོ་ཐུང་ཏ་ཧྲན་པའོ་ཁྲུང་ཁྲུང་མཇིང་ནག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འཚོ་སྡོད་བྱེད་བཞིན་པ།
    ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླའི་ཡུན་ནན་སྤྲེལ་ཁྲ་རྒྱལ་ཁབ་སྤྱི་གླིང་ནང་གི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡུན་ནན་སྤྲེལ་ཁྲ་ཡིན་པ།
    ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླའི་ཡུན་ནན་སྤྲེལ་ཁྲ་རྒྱལ་ཁབ་སྤྱི་གླིང་ནང་གི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡུན་ནན་སྤྲེལ་ཁྲ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།