འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚོགས་ཡོངས་ཀྱིས"གཞོན་ནུའི་སློབ་སྦྱོང་ཆེ་མོའི"ལྔ་བཞིའི་བརྗོད་དོན་གཙོ་བོའི་ཚོགས་པའི་
    ཉིན་མོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་06ཉིན། 12:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་སྡེ་ཚོགས་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ལྔ་བཞི་གཞོན་ནུའི་དུས་ཆེན་ལ་ “གཞོན་ནུའི་སློབ་སྦྱོང་ཆེ་མོའི”ལྔ་བཞིའི་བརྗོད་དོན་གཙོ་བོའི་ཚོགས་པའི་ཉིན་མོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མིར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”ཆེ་རུ་གཏོང་བ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་མཁན་གྱི་དུས་རབས་ཀྱི་མི་རབས་གསར་པ་ཧུར་ཐག་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་རིང་གཞོན་ནུའི་ཉམས་འགྱུར་མངོན་ཐུབ་པར་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད།
         ལྔ་བཞིའི་དུས་ཆེན་རིང་། སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་བློ་མཐུན་ཡོངས་ཀྱིས་སྣེ་ཁྲིད་ནས་བྱ་སྤྱོད་སྤེལ་ཏེ་སློབ་གྲྭ་དང་། སྡེ་ཁུལ། ཁེ་ལས་སོགས་གཞི་རིམ་ཚན་པར་བསྐྱོད་ནས་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོར་ཞུགས་པ་རེད། ས་ཁུལ་ཁག་གི་སྡེ་ཚོགས་རྩ་འཛུགས་ཀྱིས“གཞོན་ནུའི་སློབ་སྦྱོང་ཆེ་མོའི”བྱ་སྤྱོད་ལག་བསྟར་ལ་དམ་པོར་དམིགས་ཏེ་བརྗོད་དོན་མངོན་གསལ་དོད་ཅིང་རྣམ་པ་སྣ་ཚོགས་པའི་སྡེ་ཚོགས་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་གཅིག་སྡུད་སྤེལ་ནས་སྡེ་ཚོགས་ཚོགས་མི་རྒྱ་ཁྱབ་ངང་ཞུགས་པའི་ཡིད་དབང་བཀུག་ཡོད། ད་དུང་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་ཏང་སྲིད་འགོ་ཁྲིད་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། གཞོན་ནུའི་མིག་དཔེ་བཅས་གདན་དྲངས་ཏེ་གཞི་རིམ་དུ་བསྐྱོད་པ་དང་གཞོན་ནུར་རྒྱུས་ལོན་གཏིང་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ལ་དམིགས་ཏེ་སྒྲོག་འགྲེལ་སྤེལ་རེས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།