འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ངེད་ཚོས་དེ་དག་གི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད། 

    —— ཧྥ་རན་སེའི་པོ་ཝ་ལེ་སྲོག་ཆགས་གླིང་གི་དོམ་ཁྲ་གསོ་ཚགས་པའི་ཚོགས་པར་འཚམས་འདྲི་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་06ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། དོམ་ཁྲ“ཧོན་ཧོན”དང“ཡོན་ཙེ”གཉིས་2012ལོར་ཀྲུང་གོའི་ཁྲེང་ཏུའི་དོམ་ཁྲ་གསོ་སྤེལ་ཞིབ་འཇུག་རྟེན་གཞི་ནས་པོ་ཝ་ལེ་སྲོག་ཆགས་གླིང་དུ་སླེབས་པ་དང་2017ལོའི་ཟླ་8པར་དེ་གར་དོམ་ཕྲུག“ཡོན་མོང”ཞེས་པ་སྐྱེས། ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་པའི“གྲགས་ཅན་པ”དེ་དག་ལ་གཡོག་བྱེད་ཡག་པོ་བྱ་ཆེད་སྲོག་ཆགས་གླིང་གི་དོམ་ཁྲ་གསོ་ཚགས་པའི་དཔུང་ཁག་གིས་འབད་བརྩོན་དང་དཀའ་བ་ཆེན་པོ་སྤྱད་ཡོད།
         ཨ་སི་ཐེ་ལི·པེར་ན་སི་ཁོའོ་ཉི་ནི་པོ་ཝ་ལེ་སྲོག་ཆགས་གླིང་གི་དོམ་ཁྲ་གསོ་ཚགས་པའི་ཚོགས་པའི་གཙོ་གཉེར་དོ་དམ་པ་གཞོན་པ་ཡིན་ཞིང་། ཁོང་གིས་སྲོག་ཆགས་གླིང་དུ“ཧོན་ཧོན”དང“ཡོན་ཙེ”གཉིས་སླེབས་པ་དང་དེ་བཞིན་དོམ་ཕྲུག“ཡོན་མོང”སྐྱེས་པའི་བརྒྱུད་རིམ་ཚང་མའི་ནང་ཞུགས་ཡོད། “ངས‘ཡོན་མོང’གི་འཚར་ལོངས་བྱུང་སྟངས་ཚང་མར་བདེན་དཔང་ཐུབ་པ་སྟེ། མིག་དང་པོ་གདངས་པ་དང་། སྤུ་ནག་པོ་དང་པོ་སྐྱེས་པ། གོམ་པ་དང་པོ་སྤོས་པ། སོ་དང་པོ་སྐྱེས་པ་སོགས་མཐོང་བས་དེ་ནི་རང་ཉིད་ཀྱི་ཕྲུ་གུ་ཡིན་པ་ལྟ་བུའི་ཚོར་སྣང་འདུག ཉིན་ལྟར་ཞོགས་པ་མལ་ལས་ལངས་སྐབས་དོམ་ཁྲ་དེ་དག་སེམས་སུ་འཁོར་ནས་རང་ཉིད་ལ་དཀའ་ལས་ཇི་ཙམ་ཆེའང་རིན་ཐང་ཡོད་པ་ཞིག་ཡིན་སྙམ་གྱི་འདུག དོན་དངོས་ཐོག་ཁོང་ཚོས་ངེད་ཚོར་སྤྲོ་སྣང་ཆེན་པོ་སྦྱིན་སྟབས་ང་ཚོས་ཁོང་ཚོའི་ཆེད་དུ་ལས་ཀ་བྱེད་དགོས”ཞེས་ཨ་སི་ཐེ་ལིས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།