འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་འདུ་ཚོགས་ཀྱིས་རིག་གནས་སྤེལ་རེས་ཀྱི་སྦྲེལ་ཟམ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་06ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་མ་བྱན་ལ་ཆེད་མངགས་ཀྲུའུ་ཞི་ཧུའུ་ཀྲི་མིང་ལ་ཆུ་བྱ་གཉིས་བསྲེགས་སུ་བཅུག ནད་གཞིས་མནར་བའི་ཧུའུ་ཀྲུའུ་ཞིར་ཀྲོའུ་ཙུང་ལིས་བློ་རྩེ་གཅིག་སྒྲིམ་ངང་ཁོང་ལ་གྲ་སྒྲིག་བྱས་པའི་ཆུ་བྱ་བསྲེགས་མ་དེ་གཉིས་འབྱོར་བས་སེམས་ལ་དགའ་ཚོར་ཚད་མེད་སྐྱེས། ཁོང་གིས་ཆུ་བྱ་བསྲེགས་མ་གཅིག་ཀྲུང་གོའི་སྨན་བཅོས་ཚོགས་པར་སྤྲད་པ་དང་། གཅིག་ཤོས་དེ་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དང་མཉམ་དུ་ལོངས་སྤྱོད་བྱས་པ་རེད”སྙན་ཞིང་འཇེབས་པའི་བྱིས་པའི་སྐད་གདངས་ཀྱིས་ཝེ་ཐེ་ནམ་གྱི་ཧ་ནོ་དབྱིའི་རིག་གནས་སློབ་ཆེན་གྱི་ཚོགས་ཁང་ནང་བྲག་ཅ་འཁོར་བ་དང་གཏམ་རྒྱུད་བཤད་རྗེས་གར་སྟེགས་གཤམ་ནས་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།
         དེ་ནི་ཀོང་ཤིས་ཕིང་ཞང་གྲོང་ཁྱེར་སློབ་ཆུང་དང་པོ་ནས་ཡིན་པའི་ནུང་ཅིན་ཡའོ་ཡིས“ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་སྤེལ་རེས་འདུ་ཚོགས”ཐོག་ཚང་མར་བཤད་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་གཏམ་རྒྱུད་ཅིག་རེད། ཟླ་4ཚེས་23ཉིན་འཛམ་གླིང་གི་དཔེ་ཀློག་ཉིན་མོ་འཆར་ལ་ཉེ་བའི་སྐབས་སུ་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ནས་ཡོང་བའི་གཞོན་ནུ་ལོ་ཆུང་དང་དེ་བཞིན་སློབ་གསོའི་ལས་དོན་པ་བརྒྱ་ལྷག་ཙམ་ཧ་ནོ་དབྱིར་མཉམ་འཛོམས་བྱས་ཏེ་དཔེ་ཀློག་གི་འཆར་སྣང་དང་མྱོང་ཚོར་དང་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད།
         ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། འདུ་ཚོགས་ལ་ཞུགས་པའི་ཝེ་ཐེ་ནམ་གྱི་དགེ་སློབ་ཚོས་སྤྲོ་སྣང་ཆེན་པོའི་སྒོ་ནས་ཝེ་ཐེ་ནམ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་གསུང་རྩོམ་དང་དགོངས་པ་ལས་བྱུང་བའི་ཤུགས་རྐྱེན་ཟབ་མོ་གླེང་བ་རེད། “རང་ཉིད་ད་ཆ་རྒྱ་ཡིག་སྦྱོང་བཞིན་ཡོད། རྒྱ་ཡིག་སྦྱོང་རྒྱུར་དགའ་པོ་ཡོད་རྐྱེན་ཉེ་ཆར་རང་ཉིད་ཀྱིས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》”ཞེས་པའི་དེབ་དེ་ཀློག་པ་ཡིན། ཝེ་ཐེ་ནམ་ཏ་ནན་སློབ་ཆེན་གྱི་སློབ་མ་ཏིང་ཧྲི་ལེང་གིས“‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོས་རང་ཉིད་ལ་བག་ཆགས་ཟབ་མོ་བཞག་བྱུང”ཞེས་བཤད།
         ཏ་ནན་སློབ་ཆེན་སྐད་ཡིག་རིག་གནས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཁྲེན་ཧྲི་ཆིང་ལེན་གྱིས་གསར་འགོད་པར“《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ནང་གི་དགོངས་དོན་ཟབ་མོ་ལས་ཀྲུང་གོར་དོན་སྙིང་ཟབ་མོ་ལྡན་པ་མ་ཟད། ཝེ་ཐེ་ནམ་སོགས་རྒྱལ་ཁབ་ལའང་སྤྱོད་གོ་ཧ་ཅང་ཆོད་པོ་ཞིག་ཡོད”ཅེས་བཤད། ཁོང་གིས་གཙོ་འཛིན་གྱི་གསུང་རྩོམ་ལ་བློ་གྲོས་ཟབ་མོ་ལྡན་ཡོད། དེའི་ནང་གཏིང་ཟབ་པའི་མཚན་ཉིད་རིག་པའི་བསམ་གཞིག་དང་ཉམས་མྱོང་ཕྱོགས་སྡོམ་བྱས་པ་ཚུད་ཡོད་ལ། ངོ་མཚར་ཆེ་བའི་སྙན་ངག་དང་ལེགས་བཤད་ཀྱང་མང་པོ་ཞིག་ཚུད་ཡོད་ཅེས་བཤད།
         ཀྲུང་གོའི་རྩོམ་རིག་སྐོར་གླེང་སྐབས་འདུ་ཚོགས་སུ་ཞུགས་པའི་ཝེ་ཐེ་ནམ་གྱི་གཞོན་ནུ་ལོ་ཆུང་ཚོས་རང་ཁྱིམ་གྱི་ནོར་བུ་བགྲང་བ་ལྟར་བཤད། ཀྲུང་གོའི་དཔེ་དེབ་གང་ཞིག་ལྟ་མྱོང་ངམ་ཞེས་འདྲི་སྐབས་གཞོན་ནུ་མང་པོ་ཞིག་གིས་《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་》དང་། 《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་》《ཆུ་ངོགས་གཏམ་རྒྱུད་》སོགས་གནའ་བོའི་བརྩམས་ཆོས་གྲགས་ཅན་མང་པོ་ཞིག་གི་མིང་འདོན་བྱས།
         ཁྲེན་ཧྲི་ཆིང་ལེན་གྱིས་རང་ཉིད་འདི་ལོའི་ལོ་སྟོད་དུ་པེ་ཅིང་སློབ་ཆེན་དང་པེ་ཅིང་སྐད་ཡིག་སློབ་ཆེན་དུ་འཚམས་འདྲིར་སྐྱོད་སྐབས་དེ་ག་ནས་ཕུལ་བྱུང་གི་རྒྱ་ཡིག་བརྩམས་ཆོས་མང་པོ་ཞིག་མཐོང་བྱུང་། ཕུལ་བྱུང་གི་རྒྱ་ཡིག་བརྩམས་ཆོས་དེ་བས་མང་བ་ཝེ་ཐེ་ནམ་གྱི་ཡི་གེར་བསྒྱུར་རྒྱུ་དང་དེའི་ཐད་ལ་ཝེ་ཐེ་ནམ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་དཔེ་སྐྲུན་སྒྲིག་གཞིའི་རོགས་སྐྱོར་ཐོབ་པ་བྱས་ནས་ཕུལ་བྱུང་གི་བསམ་བློ་རྒྱལ་མཚམས་སྒྲོལ་རྒྱུ་དང་དེ་བས་ཐག་རིང་སར་བརྒྱུད་སྤྲོད་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
         ཝེ་ཐེ་ནམ་རིག་གནས་ལུས་རྩལ་དང་ཡུལ་སྐོར་པུའི་རྒྱལ་སྤྱི་མཉམ་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་དབྱི་ཧོང་གིས་དཔེ་ཀློག་སྤེལ་རེས་འདུ་འཚོགས་ཐོག་ཝེ་ཐེ་ནམ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་སྤེལ་རེས་བྱེད་སྒོར་དོན་སྙིང་གལ་ཆེན་ལྡན་ཡོད། ད་ཆ་དྲ་སྦྲེལ་དང་བརྙན་འཕྲིན་ཐོག་ཉིན་ལྟར་ཆ་འཕྲིན་འབོར་ཆེན་ཞིག་མཁོ་འདོན་བྱེད་ཀྱི་ཡོད། འོན་ཀྱང་དཔེ་ཀློག་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གལ་ཆེའི་རང་བཞིན་དང་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ལྡན་པས། ཚེ་གང་རིང་མཐའ་འཁྱོངས་བྱེད་པའི་གོམས་གཤིས་སུ་གྱུར་བ་བྱེད་དགོས། སླད་ཕྱིན་ཝེ་ཐེ་ནམ་དང་ཀྲུང་གོའི་ས་གནས་ཁག་ཏུ་དཔེ་ཀློག་གི་བྱེད་སྒོ་སྔར་བས་མང་བ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།