འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཧ་རྒྱལ་ཁབ་གཉིས་པོས་ཞིང་ལས་མཉམ་ལས་བྱས་པ་ལས་ཕྱོགས་གཉིས་པོའི་ཐོན་ལས་
    འཕེལ་རྒྱས་སོང་ལ་ཟས་སྣ་ཡང་འཛོམས་སུ་ཕྱིན་པ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཚའོ་པིན་དང་ཕན་ཅེས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་06ཉིན། 12:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཧ་སག་སི་ཐན་གྱི་བཟའ་སྣུམ་དང་གྲོ་བླུགས་པའི་ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར“ཁྲན་ཨན་རྟགས་ཅན”ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་ལས་དོན་ཁུལ་དུ་དལ་བུར་འབྱོར་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོན་དང་ཞིང་ནང་གི་དོ་དམ་ལག་རྩལ་མཁོ་འདོན་བྱས་པ་དང་ཧ་སག་སི་ཐན་དུ་འདེབས་འཛུགས་བྱས་པ་དང་འབྲས་བཟང་ཐོབ་པའི་སྤུས་ལེགས་ཀྱི་འབྲུ་རིགས་དང་བཟའ་སྣུམ་མི་རིང་བར་རྒྱ་ཆེའི་ཀྲུང་གོའི་ཁྱིམ་ཚང་ཁག་ཏུ་སྤྱོད་ཐུབ་རྒྱུ་རེད།
         ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་ཧ་སག་སི་ཐན་གྱི་རྒྱ་ཁྱོན་ནི་ཧྲའན་ཤིས་ཞིང་ཆེན་གྱི་ལྡབ་13ཙམ་ཡིན་མོད། འོན་ཀྱང་མི་འབོར་ཧྲའན་ཤིས་ཀྱི་གཉིས་ཆ་གཅིག་ཙམ་ལས་མེད། ཞིང་ལས་ཐོན་རྫས་ཕུན་སུམ་ཚོགས་རུང་ལོ་ལྟར་ཞིང་ལས་ཐད་སྤྱོད་པའི་ས་ཞིང་བེད་མེད་དུ་ལུས་ཀྱི་ཡོད་པས། ས་གནས་དེ་གའི་ཞིང་པར“གང་ཞིག་འདེབས་དགོས་མིན”དང“སུ་ཞིག་ལ་འཚོང་དགོས་མིན”གྱི་སེམས་ཁྲལ་ཡོད།
         དེ་དང་ཆབས་ཅིག་2016ལོའི་ལོ་འཁོར་གྱི་ཤིས་ཨན་གྲོང་ཁྱེར་གྱི་འབྲུ་སྣུམ་མཁོ་སྤྲོད་དོ་སྙོམས་བརྟག་དཔྱད་བྱས་འབྲས་ལ་གཞིགས་ན། ཤིན་ཨན་ལ་2016ལོར་ཁྱོན་འབྲུ་རིགས་རྒྱ་མ་དུང་ཕྱུར་36.88དང་བཟའ་སྣུམ་རྒྱ་མ་དུང་ཕྱུར་3.46ཁ་ཐང་བ་དང་གྲོང་མིའི་འཛད་སྤྱོད་ཁྲོད་ཀྱི་གྲོ་50%ཙམ་དང་བཟའ་སྣུམ་100%ཚང་མ་ཕྱི་ཕྱོགས་ནས་འཐེན་དགོས་ཀྱི་ཡོད་པ་རེད།
         ཧ་སག་སི་ཐན་གྱི་འགྲེམས་ཚོང་ཚོགས་འདུ་ཞིག་གི་ཐོག ཤིས་ཨན་ཨའེ་ཅུས་འབྲུ་སྣུམ་བཟོ་ལས་ཚོགས་པའི་ཏུང་ཧྲེ་ཀྲང་ཅ་ཧོ་དབྱིས་ས་གནས་དེ་གའི་གྲོ་ཞིབ་ཁག་གཅིག་ཉོས་ཤིང་། གསོལ་མགྲོན་ཁང་དུ་ལོག་རྗེས་རང་ཉིད་ངོ་མས་གྲོ་ཟས་བཟོས་པ་དག་མཉམ་སྐྱོད་ལས་རོགས་ཚོས་བཟས་རྗེས་ཚང་མས་བསྟོད་པའི་མཐེ་བོང་བསྒྲེངས་པ་རེད།
         ཅ་ཧོ་དབྱིས་ཧ་སག་སི་ཐན་གྱིས་སྲོལ་རྒྱུན་གྱི་འདེབས་འཛུགས་བྱེད་སྟངས་གཞིར་བཟུང་། རང་བྱུང་ངང་སྐྱེ་འཇུག་པ་ལས་རྫས་ལུད་དང་ཞིང་སྨན་སྤྱིར་ན་རྒྱག་གི་མེད། རྫས་ལུད་དང་ཞིང་སྨན་བརྒྱབ་པའི་མུའུ་རེ་ནས་ཐོན་པའི་སྤྱི་རྒྱ་400ཡས་མས་ཀྱི་གྲོ་དང་བསྡུར་ན་ཧ་སག་སི་ཐན་གྱི་ས་ཞིང་འགའ་ཞིག་གི་གྲོའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ་80ཁོ་ན་ཙམ་ལས་ཟིན་གྱི་མེད། གྲོ་དེ་དག་ཐོན་ཚད་དམའ་རུང་སྤུས་ཚད་མཐོ་པོ་ཡོད། གཞན་ཡང་ས་གནས་དེ་གའི་བྱང་རྒྱུད་དུ་སྐྱེ་འཚར་བྱུང་བའི་པད་ཁ་དང། ཉི་འབྲུ། ཡ་མ་སོ་མ་ལ་སོགས་པའི་འབྲུ་རྡོག་ཆེ་ལ་རོ་བཅུད་ཕུན་སུམ་ཚོགས་པོ་ཡོད་ཅེས་བཤད་བྱུང་།
         ཨའེ་ཅུས་ཀུང་སིས་ཧ་སག་སི་ཐན་ནས་བཟའ་སྣུམ་ཏུན་2300དང་། གྲོ་ཞིབ་ཏུན་5000ལྷག་ཙམ། གྲོ་ཏུན་1500 ཁ་ཏོག་ཏུན་50བཅས་སྔ་རྗེས་སུ་ནང་འདྲེན་བྱས་ཡོད། 2016ལོའི་ཟླ་གསུམ་པར་དངོས་ཟོག་བྱུར་བུར་བླུགས་པའི“ཁྲང་ཨན་རྟགས་ཅན”གྱི་ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར་དང་པོ་ཕྱིར་སློག་བྱུང་བ་དང་དེའི་ནང་ཧ་སག་སི་ཐན་གྱི་འབྲུ་རིགས་དང་བཟའ་སྣུམ་ཡོད་པ་རེད།
         “ང་ཚོས་སྔོན་ཐོན་ནུས་ཆེའི་ཞིང་ལས་འདེབས་འཛུགས་དང་ལས་སྣོན་ལག་རྩལ་ཧ་སག་སི་ཐན་དུ་སྤྱད་ཚེ། ས་གནས་དེ་གའི་ཞིང་པ་རྣམས་ལ་ཡོང་འབབ་མང་དུ་གཏོང་རོགས་བྱེད་ཐུབ་རྒྱུ་དང་། ཀྲུང་གོའི་འབྲུ་རིགས་ཀྱི་གྲངས་འབོར་དང་སྤུས་ཚད་ཀྱི་བདེ་འཇགས་འགན་ལེན་ཐུབ་རྒྱུ་མ་ཟད། ད་དུང་རྨོ་ཞིང་དབྱར་མར་འཇོག་རྒྱུར་ཡང་ཕན་པ་ཡོད”ཅེས་ཅ་ཧོ་དབྱིས་བཤད་བྱུང་།
         ཕྱོགས་གཉིས་པོས་ད་དུང་ཞིང་ལས་ཐོན་རྫས་ལས་སྣོན་ཁུལ་འཛུགས་པ་དང་བཟའ་སྣུམ་བཟོ་གྲྭ་དང་གྲོ་ཞིབ་བཟོ་གྲྭ་གཉིས་གཞི་རྟེན་དུ་བྱས་ནས་ཚགས་ཤ་དང་ལུག་ཤ་དང་། དཀར་ཆུའི་ཐོན་རྫས། སྦྲང་རྩི་སོགས་ས་གནས་དེ་གའི་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ཞོར་ཐོན་རྫས་དང་དེ་བཞིན་ཁ་ཏོག་སྣ་ཚོགས་ལས་སྣོན་གྱི་ཁེ་ལས་འགུག་ཐབས་བྱ་རྒྱུ་དང་ཆབས་ཅིག་ཀྲུང་གོའི་ཞིང་ལས་ཁེ་ལས་ཐུན་མོང་ཐོག་ཕྱིར་སྐྱོད་ཐུབ་ཐབས་ཀྱང་བྱ་རྒྱུ་རེད། རྣམ་གྲངས་དེ“ཀྲུང་ཧའི་ཐོན་ནུས་དང་མ་འཇོག་ཐད་ཀྱི་མཉམ་ལས་རྣམ་གྲངས་51གི་གསལ་ཐོའི”ནང་བཀོད་པ་མ་ཟད། ད་དུང་2016ལོའི་ཟླ་5ཚེས་31ཉིན་དངོས་སུ་སྐྲུན་འགོ་ཡང་བཙུགས་ཡོད།
         ཅ་ཧོ་དབྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་ཀུང་སི་དང་ཧ་སག་སི་ཐན་ཕྱོགས་གཉིས་ཀྱིས་མ་བཅོས་རྒྱུ་ཆ་མུའུ་ཁྲི་150མཉམ་ལས་བྱས་ནས་འདེབས་འཛུགས་བྱས་པ་ལས། པད་ཁ་ཏུན་ཁྲི་20དང་གྲོ་ཏུན་ཁྲི་10བསྡུ་རྒྱུ་བྱུང་བ་དང་རང་རྒྱལ་གྱི་རྨོ་ཞིང་མུའུ་ཁྲི་100ནས་200བར་དབྱར་མར་འཇོག་རྒྱུ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།