འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཁུལ་གྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་
    བའི་གནད་དོན་3།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 16:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལིན་ཐན་རྫོང་(临潭县)ལོ་དགུའི་འོས་འགན་སློབ་གྲྭའི་སློབ་གཙོ་ཁྲང་ཡིའུ་ཝུན་ཆིང་ལ་སྒྲིག་ཁྲིམས་དང་འགལ་ནས་ཁ་གསབ་སྤྲད་པའི་གནད་དོན་ཡོད་པ་དང་། 2016ལོའི་ཟླ་3པར། ཡིའུ་ཝུན་ཆིང་གིས་དགེ་རྒན་ཚོས་གསབ་ཁྲིད་བྱས་པ་རྒྱུ་མཚན་དུ་དྲངས་ནས་ཐེངས་5ལ་རྩིས་པ་མངགས་ཏེ་ཁ་གསབ་སྤྲད་པ་སྟེ། ཟས་རིན་སྒོར་4250སྤྲད། 2015ལོའི་ཟླ་9པ་ནས་2016ལོའི་ཟླ་12བར། ཡིའུ་ཝུན་ཆིང་གིས་སྔ་གཞུག་ཏུ་དགེ་རྒན་གྱི་གཉེན་སྒྲིག་དང་འདས་མཆོད་ལ་ཁ་གཡར་ནས་རེ་ཞུ་4ལ་ཆོག་མཆན་སྤྲད་པ་དང་། ཐེངས་12ལ་རླངས་འཁོར་གླ་བའི་རིན་གོང་སྒོར་4910སྤྲད་པ། ཡིའུ་ཝུན་ཆིང་ལ་ཏང་ནང་དུ་ཐ་ཚིག་ནན་པོ་སྒྲོག་པ་རེད།
         འབྲུ་ཆུ་རྫོང་བོད་ཡིག་སློབ་གྲྭའི་སློབ་གཙོ་ཟུར་མ་ཐན་ཀྲེན་ཧྭ་སོགས་ལ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་མཆིས་པ་དང་། 2014ལོའི་ཟླ་7པ་ནས་2015ལོའི་ཟླ་4པའི་བར། འབྲུ་ཆུ་རྫོང་བོད་ཡིག་སློབ་འབྲིང་གིས་སྣེ་ལེན་སྐབས་སུ་སྒྲིག་འགལ་ངང་ཐ་མག་དང་ཆང་གི་རིན་པ་སྒོར་516སྤྲད་པ། ཟ་འཐུང་ལ་སྤྱི་དངུལ་སྒོར་954སྤྲད་པ། གྲོང་ཁྱེར་གཅིག་པ་སྣེ་ལེན་ཞུ་བར་སྒོར་397བེད་སྤྱད་པ། སྒྲིག་ཁྲིམས་དང་འགལ་ནས་ལས་ཁུངས་རང་གི་མི་སྣ་མ་ཡིན་པར་ཁང་གླ་སྒོར་7990སྤྲད་པ། ཐན་ཀྲེན་ཧྭ་ལ་ཏང་ནང་དུ་ཐ་ཚིག་ནན་པོ་སྒྲོག་པ་དང་། ཏང་ཀྲུ་པུའུ་ཡི་ཧྲུའུ་ཅི་དབྱིན་ཝིན་ཞེ་ལ་ཏང་ནང་དུ་ཐ་ཚིག་ནན་པོ་སྒྲོག་པ་རེད། ད་ལྟའི་ཏང་ཀྲུ་པུའུའི་ཧྲུའུ་ཅི་ལི་ཡུས་ལན། ལས་བགོས་འགན་གཉེར་ནོར་དོན་སློབ་གཙོ་གཞོན་པ་ཡའོ་དབྱང་བཅས་ལའང་ཏང་ནང་གི་ཐ་ཚིག་ནན་པོ་སྒྲོག་པ་རེད། 
         ཅོ་ནེ་རྫོང་བོད་སྨན་ཁང་ཡོན་ཀྲང་ཟུར་པ་རྟ་མགྲིན་རྡོ་རྗེ་སོགས་ལ་སྒྲིག་ཁྲིམས་དང་འགལ་ནས་ཁ་གསབ་སྤྲད་པའི་གནད་དོན་ཡོད་པ་དང་། རྟ་མགྲིན་རྡོ་རྗེ་ལས་གནས་སུ་ཡོད་པའི་དུས་ལ། 2014ལོའི་ཟླ་12པར་འཕྲིན་གཏོང་འཛིན་ཤོག་ཐོག་ཏུ་རང་དངོས་ཀྱི་མིང་ཐོ་བཀོད་དེ་ཁ་པར་ལ་སྒོར་2498ཉོ་བ། 2015ལོའི་སྒྲིག་ཁྲིམས་དང་འགལ་ནས་སྒོར་1051ཐ་མག་དང་ཆང་ཉོ་བ། 2016ལོའི་ཟླ་1པར་སྒྲིག་ཁྲིམས་དང་འགལ་ནས་དུས་ཆེན་ལ་ལས་ཞུགས་མཁན་ལ་ཁ་གསབ་སྒོར་30080སྤྲོད་པའི་འཛིན་ཤོག་ཐོག་ཏུ་མིང་ཐོ་བཀོད་པ། རྟ་མགྲིན་རྡོ་རྗེ་ལ་ད་དུང་ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་འགལ་བའི་གནད་དོན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།