འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་མཚོ་སྐོར་རྐང་འཁོར་འགྲན་བསྡུར་བོད་ལྗོངས་བྲག་གསུམ་
    མཚོར་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་2ཉིན་བྲག་གསུམ་མཚོ་སྐོར་རྒྱལ་སྤྱིའི་རི་ཐང་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་བྲག་གསུམ་མཚོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་མཇུག་འགྲིལ་བ་རེད། འགྲན་དོན་དང་འགྲན་རའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3600ལྷག་ཙམ་ཟིན་པ་དང་དེ་ནི་མིག་སྔར་རྒྱལ་ནང་གི་ས་བབ་མཐོ་ཤོས་ཀྱི་མཚོ་སྐོར་རྐང་འཁོར་འགྲན་བསྡུར་རེད།
         འགྲན་བསྡུར་ཉིན་གཉིས་ལ་ཕྱེ་བ་དང་ལམ་ཐིག་ཧྲིལ་པོར་སྤྱི་ལེ་99ཡོད། ཉིན་དང་པོའི་འགྲན་བསྡུར་དེ་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱི་རྒྱལ་སྒོ་ནས་འགོ་བཙུགས་ཏེ་སྲོལ་རྒྱུན་གྱི་མཚོ་སྐོར་འགྲན་ལམ་བརྒྱུད། མཐའ་སྣེ་སྲོལ་རྒྱུན་གྱི་ཀོང་པོའི་བྱེ་པ་གྲོང་ཚོ་བར་ཡིན་ཞིང་། དེའི་ལམ་ཐག་ལ་སྤྱི་ལེ་30ཡོད། ཉིན་གཉིས་པར་བྱེ་པ་གྲོང་ཚོ་ནས་ཤིན་མཚོ་ལུང་ཤུར་ཕྱོགས་སུ་བསྐྱོད་དེ་བསམ་མཐོང་རྩྭ་རར་མིང་བཀོད་རྗེས་ལམ་དེ་རང་ནས་ལྟག་ལོག་བརྒྱབ་སྟེ་མཛེས་ལྗོངས་ཁུལ་གྱི་རྒྱལ་སྒོ་བར་ཡིན་ཞིང་། འགྲན་བསྡུར་གྱི་ལམ་ཐག་སྤྱི་ལེ་69རེད། མཐའ་མཇུག་ཀྲུང་གོའི་བདམས་ཐོན་པ་ཝེ་ཁུའེ་དང་ཀྲང་ཤིས་ཤིས་ལ་སྐྱེས་པ་དང་བུད་མེད་ཀྱི་ཨང་དང་པོ་ཐོབ་པ་རེད།
         ད་ཐེངས་ཀྱི་འགྲན་བསྡུར་ནི་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་ཆས་གསར་སྤེལ་དོ་དམ་ལྟེ་གནས་དང་། ཉིང་ཁྲི་གྲོང་ཁྱེར་སློབ་གསོ(ལུས་རྩལ)ཅུས། ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཉེར་འགན་ཁུར་བ་ཞིག་རེད། འགྲན་བསྡུར་ལ་ཨ་རི་དང་། འཇར་མན། ནེའུ་ཙི་ལན། ནེ་པ་ལ། མོར་ཏུའོ་ཝེ། དེ་བཞིན་ཀྲུང་གོ་བཅས་རྒྱལ་ཁབ་དྲུག་གི་བདམས་ཐོན་པ་138ཞུགས་ཡོད།
          ཀོང་པོ་རྒྱ་མདའ་རྫོང་གི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་རྫོང་དཔོན་གཞོན་པ་ཧོ་ལིས་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་དང་རྐང་འཁོར་འགྲན་བསྡུར་གཉིས་ཀ་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་ཏུ་གྱུར་ནས་འགྲན་བསྡུར་སྤེལ་རྒྱ་ཇེ་ཆེར་གཏོང་བ་དང་འགྲན་བསྡུར་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་མངོན་འགྱུར་ཐུབ་ཡོད། ཕྱིས་སུ་འགྲན་དོན་དེ“ལུས་རྩལ་དང་། ཡུལ་སྐོར། རིག་གནས”བཅས་ཀྱི་ཕྱོགས་སུ་གཉེར་རྒྱུའི་འབད་འཐབ་བྱས་ནས་སྤུས་རྟགས་ཀྱི་འགྲན་དོན་ལ་བརྟེན་ཏེ་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།