འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།"ལྔ་གཅིག"གུང་གསེང་རིང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་ཁྲི་3
    ལྷག་ཙམ་སྐྱེལ་འདྲེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི“ལྔ་གཅིག”གུང་གསེང་རིང་བོད་ཀྱི་གནམ་ཐང་ཁག་གི་སྤྱི་ཡོངས་ཀྱི་འཁོར་རྒྱུག་གནས་ཚུལ་བརྟན་ཙམ་ཡོད་པ་དང་། ཉིན་གསུམ་རིང་དུས་གཏན་གནམ་གྲུ་ཐེངས་གྲངས་271འཕུར་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་30630ཟིན་ཡོད་པ་རེད།
         གུང་གསེང་རིང་འགྲུལ་པ་འགྲོ་སྐྱོད་ཀྱི་དགོས་མཁོ་སྔར་བས་ལེགས་པ་སྐོང་ཆེད། ལྷ་ས་གོང་དཀར་གནམ་ཐང་གིས་འགྲུལ་པ་མང་བའི་དུས་སུ་བློ་འདྲི་བྱེད་ས་དང་ལམ་སྣེ་ཁྲིད་མཁན་མང་དུ་བཏང་སྟེ། རྒྱ་ཆེའི་འགྲུལ་པ་བདེ་བླག་ངང་གནམ་གྲུར་སྡོད་པར་ལམ་སྣེ་ཁྲིད་རོགས་དང་རྡོག་ཁྲེས་ལྕི་པོ་མེད་པའི་འགྲུལ་པར་སྟབས་བདེའི་འགྲོ་ལུགས་གཉེར་རོགས་བྱས་པ་མ་ཟད། ད་དུང་ཕྱི་འབྱོར་གྱི་འགྲུལ་པར་ཆེད་མངགས་ལས་སྟེགས་དང་བདེ་འཇགས་བགྲོད་ལམ་བཏོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།