འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱོགས་མང་པོས་ས་མཐོའི་འདམ་རའི་སྲུང་སྐྱོང་ལ་གཞོལ་ཏེ་སྣོད་བཅུད་བདེ་འཇགས་སྲུང་
    ཡོལ་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་སོགས་ཚན་པ་མང་པོའི་དོ་དམ་པ་དང་རིགས་གཅིག་མཁས་ཅན་བོད་ཀྱི་ཉིང་ཁྲིར་འཛོམས་ནས་སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པ་མཐའ་འཁྱོངས་བྱས་ཏེ་ས་མཐོའི་འདམ་རའི་སྲུང་སྐྱོང་དང་སླར་གསོའི་སྐོར་ལ་བགྲོ་གླེང་བྱས་པ་དང་འབྲེལ་《ས་མཐོའི་འདམ་རའི་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན—ཉིང་ཁྲིའི་བསྒྲགས་གཏམ་》ཞེས་པ་བཏོན་པ་རེད།
         རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཁྲུན་ལེའང་གིས་མཚོ་བོད་ས་མཐོ་ནི་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོར་གཙང་པོ་དང་ཆུ་བོ་མང་ཤོས་ཀྱི་ས་ཁོངས་ཤིག་ཡིན་པས་དེ་ནས་རྨ་ཆུ་དང་། འབྲི་ཆུ། མའེ་ཀུང་གཙང་པོ་སོགས་བྱུང་སྟེ“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་ཀྱི་ཡོད། མཚོ་བོད་ས་མཐོའི་འདམ་རའི་སྣོད་བཅུད་ཁུལ་ཁོངས་གལ་ཆེ་བ་དང་སྣོད་བཅུད་ནུས་པ་དང་སྲུང་སྐྱོང་གི་རིན་ཐང་ཆེན་པོ་ཡོད། དེའི་ནང་མཐོ་གྲང་འདམ་གཞོང་གི་འདམ་སོལ་གསོག་ཚད་མང་བས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་བརྟན་དུ་འགྲོ་བར་གལ་འགངས་ཆེ་བའི་ནུས་པ་ཐོན་ཐུབ་ཅེས་བཤད།
         རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དང་། འབྲི་ཆུ་རྒྱུག་ཁུལ་གྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་འདམ་རའི་དོ་དམ་སྡེ་ཚན། འབྲི་ཆུའི་འདམ་རའི་སྲུང་སྐྱོང་དྲ་རྒྱའི་ཁོངས་མིའི་ཚན་པ། ཀྲུང་གོ་འདམ་ར་སྲུང་སྐྱོང་མཐུན་ཚོགས། འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོཌ། ཚན་ཞིབ་དང་མཐོ་སློབ་སོགས་ཚན་པའི་འཐུས་མི་ཚོས། གནམ་གཤིས་འགྱུར་ལྡོག་དང་ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པའི་གནོན་ཤུགས་ཆེན་པོ་གཉིས་ཀྱི་འོག་ཉམས་ཞན་གྱི་ས་མཐོའི་འདམ་རའི་སྣོད་བཅུད་མ་ལག་ལ་དེ་བས་གཅེས་སྤྲས་དང་། བདག་སྐྱོང་། སྲུང་སྐྱོང་བཅས་བྱེད་དགོས་ལ་དེ་བས་རྒྱ་ཁྱབ་ཀྱི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་དགོས་པ་མ་ཟད། དེ་བས་མང་བའི་ཀྲུང་གོའི་བློ་གྲོས་ལག་བསྟར་དང་འཕེལ་རྒྱས་བཏང་ནས་ས་མཐོའི་ས་ཁོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ཐུན་མོང་ཐོག་མངོན་འགྱུར་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།