འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐད་བརྡ་ཆད་གསར་པ་1500ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་03ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་28ཉིན། རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་སྐབས་གསུམ་པ་བརྗེ་བ་དང་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་ནས་བོད་སྐད་བརྡ་ཆད་གསར་པ་ཁྱབ་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།
         ཚོགས་འདུའི་ཐོག་ནས"ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ"བཅས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་ནས་བརྡ་ཆད་གསར་པ་1500དང་། ཨུ་ཡོན་41གིས་གྲུབ་པའི་སྐབས་བཞི་བའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཚོགས་བདམས་ཤིང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་ཀྲུའུ་རེན་ལ་བསྐོས་པ་རེད།
         བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཆི་དབྱིང་གིས། ཀྲུང་གོས་སྔ་ནས་བཟུང་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་སྐད་ཡིག་ལས་དོན་ནི་བྱ་གཞག་གལ་ཆེན་ཞིག་ལ་བརྩི་བཞིན་ཡོད་ཅིང་། མིག་སྔར། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མགྱོགས་ཤིང་། སྤྱི་ཚོགས་སྐད་ཡིག་འཚོ་བ་ཉིན་རེར་བཞིན་ཕུན་སུམ་ཚོགས་པ། བོད་སྐད་དགོས་མཁོ་ཉིན་རེར་བཞིན་སྣ་མང་དུ་འགྱུར་བ། བོད་སྐད་ཉིན་རེར་བཞིན་འཁྲུག་ཆ་དོད་ཅིང་། བོད་སྐད་བརྡ་ཆད་གསར་པ་ཚད་གཞི་ཅན་བཏོན་པ་ལ་བླང་བྱ་གསར་པ་བཏོན་ཡོད་པ་རེད་ཅེས་བཤད། 
      ཁོང་གིས། སླད་ཕྱིན་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་མུ་མཐུད་ནས་འགོ་ཁྲིད་དེ་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་དང་། སྐད་ཡིག་འཆར་འགོད་ཡག་པོ། སྐད་ཡིག་སྲིད་ཇུས་དོན་ཐོག་འཁྱོལ་བ། མ་ལག་ཚད་གཞི་ཅན་འཐུས་ཚང་གཏོང་བ། ཤུགས་ཆེན་པོས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་ཆེད་མཁས་པ་དང་བོད་ཡིག་ལས་དོན་སྒྲུབ་མཁན་ཚོ་དང་སྤེལ་རེས་བྱ་ནས་ལས་དོན་སྐུལ་འདེད་གཏོང་བ། དུས་མཉམ་དུ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་སྙོམས་སྒྲིག་བྱེད་པ་ལ། རྣམ་པ་འདྲ་མིན་བེད་སྤྱད་དེ། ཤུགས་ཆེན་པོས་བོད་སྐད་བརྡ་ཆད་གསར་པ་ཚད་ལྡན་ཅན་ཁྱབ་བསྒྲགས། ལས་དོན་ཚད་གཞི་ཅན། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་བོད་སྐད་བརྡ་ཆད་གསར་པ་ནན་ཏན་ངང་བེད་སྤྱོད་དང་བོད་སྐད་བརྡ་ཆད་གསར་པ་ནོར་བ་དག་དག་བཅོས་བྱ་རྒྱུ་བསྟན་པ་རེད། འབྲེལ་ཡོད་ཆེད་མཁས་པ་100ལྷག་ཚོགས་འདུར་ཞུགས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།