འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཚིགས་དང་པོའི་ནང་རྡོ་སོལ་གཏེར་ཁའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནད་དོན་
    ཁྲི་13.13ཞིབ་བཤེར་ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་03ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་རྡོ་སོལ་གཏེར་ཁའི་བདེ་འཇགས་ལྟ་སྐུལ་ཅུད་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཚིགས་དང་པོར་རྡོ་སོལ་གཏེར་ཁའི་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྱོན་བསྡོམས་རྡོ་སོལ་གཏེར་ཁ་འདོན་ཐེངས་ཁྲི་2.35དང་། མངོན་མེད་རྐྱེན་ངན་གྱི་གནད་དོན་ཁྲི་13.13ཞིབ་བཤེར་ཐག་གཅོད་བྱས་ཡོད། དེའི་ཁྲོད་ནས་མངོན་མེད་རྐྱེན་ངན་ཚབས་ཆེ་བའི་གནད་དོན་245དང་། རྡོ་སོལ་གཏེར་ཁ་ཐོན་སྐྱེད་བྱེད་ཁུངས་61བྱེད་མཚམས་འཇོག་པའི་རེ་བ་བཏོན། རྡོ་སོལ་གཏེར་ཁ་ཐོན་སྐྱེད་བྱེད་ཁུངས་227བྱེད་མཚམས་བཞག་པ། ལག་ཁྱེར་149གནས་སྐབས་བཀག་ཉར་བྱས་ཡོད་པ་རེད།
         རྒྱལ་ཁབ་རྡོ་སོལ་གཏེར་ཁའི་བདེ་འཇགས་ལྟ་སྐུལ་ཅུད་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ནས་བཟུང་། རྒྱལ་ཡོངས་ཀྱི་རྡོ་སོལ་གཏེར་ཁའི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་ལྷིང་དུ་ཕྱིན་ཡོད། ཟླ་4ཚེས་25ཉིན་གྱི་བར། རྒྱལ་ཡོངས་སུ་རྡོ་སོལ་གཏེར་ཁའི་དོན་རྐྱེན་ལས་རྐྱེན་ལམ་ཤོར་ཚད་ལོ་སྔོན་མ་ལས་26.2%ཀྱི་ཉུང་དུ་ཕྱིན་པ་དང་དོན་རྐྱེན་ཚབས་ཆེན་ཐོན་མེད། འོན་ཀྱང་དོན་རྐྱེན་ཐོན་ཚད་ལོ་སྔོན་མ་ལས་21.4%འཕར་ཡོད། འཕྲུལ་གློག་སྐྱེལ་འདྲེན་སོགས་ཀྱི་དོན་རྐྱེན་ཐོན་ཚད་མངོན་གསལ་དོད་པོས་འཕར་བས། རྡོ་སོལ་གཏེར་ཁའི་བེད་འཇགས་ཐོན་སྐྱེད་ཀྱི་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེན་པོ་ཡོད་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། ཟླ་5པའི་ནང་། རྒྱལ་ཁབ་རྡོ་སོལ་གཏེར་ཁའི་བདེ་འཇགས་ལྟ་སྐུལ་ཅུད་ཀྱིས་ཁག་དབྱེ་ནས་རིམ་པ་གཉིས་པ་དང་། རིམ་པ་གསུམ་པའི་ཚད་གཞི་ཅན་གྱི་རྡོ་སོལ་གཏེར་ཁར་ཞིབ་བཤེར་བྱ་རྒྱུ་རེད། ཆ་རྐྱེན་དང་མི་མཐུན་ཚེ་དེའི་རིམ་པ་འབེབས་པ་དང་རིམ་པ་མེད་པར་བཟོ་རྒྱུ། མིག་སྔར་རྒྱལ་ཡོངས་སུ་སྔར་བཞིན་རྡོ་སོལ་གཏེར་ཁའི་ཐོན་སྐྱེད་བྱེད་ཁུངས་250ཚད་ལྡན་ཅན་གྱི་རིམ་པ་རེ་ཞུ་བྱ་རྒྱུ་ཡིན་པ་དང་། རྡོ་སོལ་གཏེར་ཁའི་ཐོན་སྐྱེད་བྱེད་ཁུངས་360རིམ་པ་གཉིས་པ་དང་། རིམ་པ་གསུམ་པའི་ཚད་གཞི་ཅན་གྱི་རིམ་པའི་རྡོ་སོལ་གཏེར་ཁའི་དཔྱད་ཞིབ་དང་རིམ་པ་གཏན་འཁེལ་བྱ་རྒྱུ། རྒྱལ་ཁབ་རྡོ་སོལ་གཏེར་ཁའི་བདེ་འཇགས་ལྟ་སྐུལ་ཅུད་ཀྱིས་ས་གནས་ཁག་ཀྱི་དུས་ཚོད་རེའུ་མིག་བཟོ་བའི་རེ་བ་བཏོན་ནས། སྤུས་ཚད་འགན་ལེན་བྱེད་པའི་རྨང་གཞིའི་འོག་མྱུར་ཚད་མགྱོགས་སུ་བཏང་སྟེ། ཟླ་6པའི་ཟླ་མཇུག་བར་དུ་རེ་ཞུ་ཕུལ་མེད་པ་དང་ཡང་ན་དཔྱད་ཞིབ་ཚད་གཞི་རིམ་པ་གསུམ་པ་ཡན་ལོན་མེད་ཚེ་ཐོན་སྐྱེད་བྱས་མི་ཆོག་པ་དང་། སྔོན་བཀག་དུས་ཚོད་ལས་ཡོལ་ཡང་སྔར་བཞིན་ཚད་མི་ལོན་པ་ཚང་མར་ཁྲིམས་ལྟར་སྒོ་རྒྱག་ཏུ་འཇུག་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།