འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ལོ་བདུན་བསྟུད་མར་འཛམ་
    གླིང་གི་ཨང་དང་པོར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་27ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། གདན་ཞུ་བྱས་པའི་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་ཧྲེན་ཁྲང་ཡུས་དང་། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཚོང་རྟགས་ཅུས་ཀྱི་འགན་འཁུར་བ་ཚུའེ་ཧྲའུ་ཏུང་། རྒྱལ་ཁབ་པར་དབང་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཡུས་ཚེ་ཁོའོ་བཅས་ཀྱིས་2017ལོའི་ཀྲུང་གོའི་ཤེས་བྱའི་བདག་དབང་འཕེལ་རྒྱས་འགྲོ་ལུགས་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།
          རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་ཧྲེན་ཁྲང་ཡུས་ཀྱིས་2017ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤེས་བྱའི་བདག་དབང་ལས་དོན་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད།
          སྡེ་ཚན་ཁག་དང་ས་གནས་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཤེས་བྱའི་བདག་དབང་གི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་ལས་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་ཤུགས་ཆེན་བྱུང་ཡོད། ལོ་ཧྲིལ་པོར་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ཁྲི་138.2ཟིན་པ་དང་ལོ་གོང་མའི་དུས་མཚུངས་ལས་14.2%འཕར་ནས་ལོ་བདུན་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། PCTརྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་ཞུ་བདག་སྤྲོད་བྱེད་ཚད་ཁྲི་5.1ཟིན་པ་དང་ལོ་གོང་མའི་དུས་མཚུངས་ལས་12.5%འཕར་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་པ། མི་གྲངས་ཁྲི་རེར་གསར་གཏོད་བྱས་རིགས་ཀྱི་ཁེ་བེད་བདག་ཐོབ་དབང་ཚད་9.8ཟིན་པ། ཚོང་རྟགས་ཐོ་འགོད་ཀྱི་རེ་ཞུ་བདག་སྤྲོད་བྱེད་ཚད་ཁྲི་574.8ཟིན་པ་དང་ལོ་གོང་མའི་དུས་མཚུངས་ལས་55.72%འཕར་ནས་ལོ་བཅུ་དྲུག་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་པ། རིམ་རྩིས་བྱས་ན་གོ་ཆོད་ནུས་ལྡན་གྱི་ཚོང་རྟགས་ཁྲི་1492ཐོ་འགོད་བྱས་པ། རང་རྒྱལ་གྱི་རེ་ཞུ་བས་མ་ཏེ་ལི་ཚོང་རྟགས་རྒྱལ་སྤྱིར་ཐོ་འགོད་ཞུ་ཡིག་4810ཕུལ་བ་དེ་འཛམ་གླིང་གི་ཨང་གསུམ་པར་སླེབས་པ། བརྩམས་ཆོས་དང་རྩིས་འཁོར་མཉེན་ཆས་བརྩམས་དབང་ཐོ་འགོད་བྱེད་གྲངས་ཁྲི་200.2དང་ཁྲི་74.54ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་25.15%དང་82.79%འཕར་ཡོད་ཅེས་བཤད་པ་རེད།
          རང་རྒྱལ་གྱི་ཤེས་བྱའི་བདག་དབང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཛུགས་སྐྱོང་ལ་བརྟན་པོའི་སྒོ་ནས་སྐུལ་འདེད་བཏང་ཞིང་། 《ཚུལ་མིན་འགྲན་རྩོད་འགོག་ཁྲིམས》རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་བ་དང་དེ་བཞིན《ཁེ་བེད་བདག་ཐོབ་བཅའ་ཁྲིམས》དང་། 《ཁེ་བེད་བདག་ཐོབ་ཀྱི་འགན་ཚབ་སྲོལ་ཡིག》 《མིའི་རིགས་ཀྱི་རྒྱུན་འཛིན་ཐོན་ཁུངས་དོ་དམ་སྲོལ་ཡིག》བཅས་བཟོ་བཅོས་དང་གཏན་འཁེལ་གྱི་ལས་དོན་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཕྱིན་ཡོད། 《བརྩམས་དབང་བཅའ་ཁྲིམས》དང་། 《ཨོ་ལིམ་ཕིག་གི་མཚོན་རྟགས་སྲུང་སྐྱོང་སྲོལ་ཡིག》དང་། 《རྒྱལ་སྲུང་ཁེ་བེད་བདག་ཐོབ་སྲོལ་ཡིག》 《རྩི་ཤིང་རིགས་གསར་སྲུང་སྐྱོང་སྲོལ་ཡིག》 《སྐྱེ་དངོས་རྒྱུན་འཛིན་ཐོན་ཁུངས་ཐོབ་ལེན་དང་ཕན་པ་ལོངས་སྤྱོད་དོ་དམ་སྲོལ་ཡིག》བཅས་བཟོ་འགོད་དང་བཟོ་བཅོས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།