འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་དཔེ་མཛོད་ཁང་གི་རང་འདེམས་དཔེ་མཛོད་ཁང་དུས་ཚོད་24རིང་སྒོ་འབྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་26ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་དཔེ་མཛོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི་40ལྷག་ཉར་ཚགས་བྱེད་ཡོད་པ་རེད། ཤེས་རྟོགས་བྱུང་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཉོས་བའི་དཔེ་དེབ་ནི་ཀྲུང་གོ་དཔེ་མཛོད་ཁང་གི་རིགས་དབྱེ་བྱེད་ཐབས་22ལ་གཞིགས་ནས་ཉོས་པ་དང་། ནང་དོན་ལ་རིག་གཞུང་ཚན་ཁག་ཚང་མ་དང་འབྲེལ་ཡོད་ལ། བོད་རང་སྐྱོང་ལྗོངས་ཀྱི་དཔེ་མཛོད་ཁང་ནས་གཡར་བའི་དཔེ་ཆ་ལྟ་ཀློག་གི་ཞབས་ཞུ་དུས་ཚོད་24རིང་སྒོ་འབྱེད་རྒྱུ་ཡིན་པ་རེད། 
         བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་དཔེ་མཛོད་ཁང་གིས་ཐོབ་ཐང་ལག་ཁྱེར་ལ་གཞིགས་ནས་དཔེ་ཆ་གཡར་བ་དང་། མིག་སྔར་དཔེ་ཆ་གཡར་སྟངས་རིགས་གཉིས་ཡོད་པ་སྟེ། གཅིག་ནི་སྒོར་100གཏའ་མ་བཞག་ནས་ཟླ་བ་1རིང་ལ་གཡར་ནས་ཆོག་ཅིང་། ཐེངས་གཅིག་ལ་དཔེ་ཆ་3གཡར་ཆོག་པ་དང་། དེ་མཐུད་ནས་སླར་ཟླ་བ་1གཡར་ཆོག་པ། གཅིག་ནི་སྒོར་300གཏའ་མ་བཞག་ན། ཟླ་གཅིག་དང་ཟླ་ཕྱེད་ལྟ་ཀློག་ཆོག་ལ། ཐེངས་གཅིག་ལ་དཔེ་ཆ་6གཡར་ཆོག་ཅིང་། དེ་མུ་མཐུད་ནས་སླར་ཟླ་བ་གཅིག་དང་ཟླ་ཕྱེད་གཡར་ཆོག་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།