འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲིས་གོ་ལ་ཧྲིལ་པོའི་མཉམ་ལས་ལ་ཤུགས་སྣོན་བ
    རྒྱབ་ནས་ཚོང་དོན་གྱི་ཛ་དྲག་དུས་བབ་ཞི་ལྷོད་དུ་གཏོང་དགོས་པའི་འབོད་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་25ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨ་ཙེ་ཝུའེ་ཏོ་ཡིས་ཚེས་21ཉིན་ཡིག་ཐོག་གི་གསལ་བསྒྲགས་སྤེལ་ཏེ་དཔལ་འབྱོར་སྒྲིག་གཞི་ཁག་གིས་འཛམ་གླིང་ཚོང་དོན་རྩ་འཛུགས་བརྒྱུད་གོ་ལ་ཧྲིལ་པོའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མིག་སྔའི་ཚོང་དོན་གྱི་ཛ་དྲག་དུས་བབ་ཞི་ལྷོད་དུ་གཏོང་དགོས་པའི་འབོད་སྐུལ་བྱས་པ་རེད།
         ཚེས་21ཉིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱི་ཐབས་ཇུས་སྒྲིག་གཞིའི་རྒྱལ་སྤྱིའི་དངུལ་ལོར་དང་དངུལ་རྩ་ཨུ་ལྷན་གྱི་སྐབས་37པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཝ་ཧྲིང་ཐོན་དུ་གྲོལ་བ་དང་ཨ་ཙེ་ཝུའེ་ཏོ་ཡིས་ཉིན་དེར་ད་རེས་ཀྱི་ཚོགས་འདུར་འབུལ་བའི་ཡིག་ཐོག་གསལ་བསྒྲགས་ནང་གོ་ལ་ཧྲིལ་པོའི་མཉམ་ལས་དེ་ཚོང་དོན་གྱི་ཛ་དྲག་དུས་བབ་ཞི་ལྷོད་དུ་གཏོང་བ་དང་དཔལ་འབྱོར་ཤུགས་ཆེན་འཕར་བར་སྲུང་སྐྱོང་བྱ་རྒྱུར་ཆེས་གལ་འགངས་ཆེ་བ་ཞིག་ཡིན་པས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་དེའི་ཁྲོད་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བརྗོད་ཡོད་པ་རེད།
         ཨ་ཙེ་ཝུའེ་ཏོ་ཡིས་འཛམ་གླིང་ཚོང་དོན་རྩ་འཛུགས་མེད་ཚེ་2008ལོའི་གོ་ལ་ཧྲིལ་པོའི་དངུལ་རྩའི་ཉམས་ཉེན་ལས་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་བྱེད་ཐབས་རབ་དང་རིམ་པ་ཐོན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉམས་ཞན་དུ་འགྲོ་བའི་ཤུགས་རྐྱེན་མངོན་གསལ་དོད་པོས་སྡུག་ཏུ་འགྲོ་སྲིད། ཁོང་གིས་ལམ་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་མ་ལག་གིས་གོ་ལ་ཧྲིལ་པོའི་ཚོང་དོན་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་དགོས་ངེས་ཀྱི་བརྟན་པོའི་རང་བཞིན་དང་སྔོན་མཐོང་རང་བཞིན་མཁོ་འདོན་བྱས་པས་དེའི་ཁྲོད་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་རྒྱབ་སྐྱོར་གང་ལེགས་ཐུབ་པའི་ནན་བཤད་བྱས་པ་རེད།
         ཨ་ཙེ་ཝུའེ་ཏོ་ཡིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་དབར་གྱི་ཚོང་དོན་འབྲེལ་བ་ཆད་ཚེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཐུབ་རྒྱུར་གནོད་འཚེ་ཕོག་ནས་མིག་སྔའི་དཔལ་འབྱོར་རྒྱ་སྐྱེད་ལ་ཉེན་ཁ་བཟོ་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།