འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་སི་ཐ་རི་ཁའི་ཙུང་ཐུང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དེ་ལ་ཏིང་
    མེ་གླིང་གི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེན་ཡིན་ཞེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་25ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཁོ་སི་ཐ་རི་ཁའི་ཙུང་ཐུང་སུའོ་ལི་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དེ་ལ་ཏིང་མེ་གླིང་གི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེན་ཡིན་པ་དང་། འདི་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་གོ་ལ་ཧྲིལ་པོ་ཅན་གྱི་མཉམ་ལས་བགྲོད་ལམ་ཐོག་སླར་ཡང་རྒྱང་སྐྱོད་གསར་པ་བྱེད་པའི་གོ་སྐབས་ཡག་ཤོས་ཡིན་ཞེས་བརྗོད།
         “ང་ཚོ་ལྟར་གྱི་རང་མོས་ཚོང་དོན་མུ་མཐུད་ཡར་རྒྱས་གོང་འཕེལ་འགྲོ་བར་ཡིད་ཆེས་ཟོལ་མེད་བྱེད་མཁན་རྒྱལ་ཁབ་ལ་ཆ་མཚོན་ན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལྟ་བུའི་འགྲེམས་ཚོགས་ཆེ་གྲས་ནི་ང་ཚོས་བསམ་འདུན་འགྲུབ་པའི་སྒྲོམ་གཞིའི་ལས་སྟེགས་རེད”ཅེས་སུའོ་ལི་སིས་བརྗོད།
         ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་ནི་ཟླ་11པར་ཧྲང་ཧའེ་རུ་གཉེར་རྒྱུ་དང་། ཁོ་སི་ཐ་རི་ཁ་དངོས་མང་སྟོན་ཚོགས་ཀྱི་རྒྱལ་ཁབ་ཚོང་དོན་མ་འཇོག་ཕྱོགས་བསྡུས་འགྲེམས་སྟོན་དང་ཁེ་ལས་ཚོང་ལས་ཀྱི་འགྲེམས་སྟོན་ནང་ཞུགས་རྒྱུའི་གཏན་འཁེལ་བྱས་པ་རེད།
         སུའོ་ལི་སིས། ཁོ་སི་ཐ་རི་ཁའི་ཐོན་ཟོག་དང་རྒྱལ་ཁབ་ཀྱི་སྤུས་རྟགས་ཉིད་དངོས་མང་སྟོན་ཚོགས་ནང་འོས་སྦྱོར་ཤུགས་ཆེན་ཐུབ་རྒྱུའི་རེ་བ་ཡོད། “འགྲེམས་ཞུགས་བྱས་པ་ལས་ཁོ་སི་ཐ་རི་ཁའི་ཐོན་ཟོག་ཀྲུང་གོའི་ཁྲོམ་རར་ཁྱབ་པའི་ཐབས་ལམ་ལ་འགྱུར་ལྡོག་ཆེན་པོ་ཐེབས་རྒྱུ་དང་། ཀྲུང་གོའི་ཁྲོམ་རས་ཁོ་སི་ཐ་རི་ཁའི་སླད་ཕྱིན་གྱི་འཕེལ་རྒྱས་ལ་མཐུན་རྐྱེན་གཏོད་རྒྱུ་རེད”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།