འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ལ་ཅ་ཏེས་སྐད་ཆ་ཤོད་རེས་དང་ཕྱོགས་མང་སྒྲིག་གཞི་བརྒྱུད་ཚོང་དོན་རྩོད་གཞི་ཐག་གཅོད་བྱ་རྒྱུའི་འབོད་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་25ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་21ཉིན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱི་སྤྱི་ཁྱབ་ལ་ཅ་ཏེས་སྐད་ཆ་ཤོད་རེས་དང་ལམ་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་སྒྲིག་གཞིར་བརྟེན་ནས་ཚོང་དོན་རྩོད་གཞི་ཐག་གཅོད་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད།
         IMFཐབས་ཇུས་སྒྲིག་གཞིའི་རྒྱལ་སྤྱིའི་དངུལ་ལོར་དང་དངུལ་རྩ་ཨུ་ལྷན་གྱིས་དེ་ཉིན་སྐབས་37པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་གྲོལ་རྗེས་སྤྱི་བསྒྲགས་སྤེལ་ནས་དངུལ་རྩ་མཐོ་རུ་ཕྲན་བུ་སོང་བ་དང་ཚོང་དོན་དང་ས་འབྲེལ་ཆབ་སྲིད་ཛ་དྲག་ཏུ་སོང་བ་དང་དེ་བཞིན་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་པའི་གོ་ལ་ཧྲིལ་པོའི་བུན་དོན་གྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་ཉེན་ཁ་བཟོ་བཞིན་ཡོད་ཅེས་ཐ་ཚིག་བསྒྲགས་པ་རེད།
         ལ་ཅ་ཏེས་ཚོགས་འདུ་གྲོལ་རྗེས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་IMFཡི་སྤྱི་ཁྱབ་ཡིན་པའི་ངས་དོ་ཁུར་བྱེད་ས་གཙོ་བོ་ནི་ཚོང་དོན་རྩོད་གཞི་ཆེ་རུ་སོང་བ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་འགོག་རྐྱེན་མ་ཕོག་གོང་གནད་དོན་དེ་དག་ཐག་གཅོད་བྱེད་རོགས་བྱ་རྒྱུ་དེ་ཡིན་ཞེས་བཤད།
         ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཀྲུང་ཨའི་ཚོང་དོན་རྩོད་གཞི་ཐག་གཅོད་བྱ་རྒྱུའི་གྲོས་གཞིའི་སྐོར་འདྲི་སྐབས། ལ་ཅ་ཏེས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་རང་མོས་ཚོང་དོན་གྱིས་རྨང་གཞིར་བྱེད་པའི་སྐད་ཆ་ཤོད་རེས་མང་ཙམ་བྱེད་པ་དང་ཆབས་ཅིག་ལམ་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་སྒྲིག་གཞིར་བརྟེན་ནས་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།