འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་སྐད་སློབ་ཁྲིད་དང་ཞིབ་འཇུག་དཔེ་སྐྲུན་ཁང་གི“ཀྲུང་གོའི་བརྗོད་དོན་གཙོ་བོའི་
    རྩོམ་སྒྲིག་པུའུ”ཧང་ག་རིར་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་25ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཕྱི་སྐད་སློབ་ཁྲིད་དང་ཞིབ་འཇུག་དཔེ་སྐྲུན་ཁང་དང་ཧང་ག་རིའི་ཁེ་སུའུ་ཐེ་དཔེ་སྐྲུན་ཚོགས་པས“ཀྲུང་གོའི་བརྗོད་དོན་གཙོ་བོའི་རྩོམ་སྒྲིག་པུའུ”མཉམ་སྐྲུན་བྱེད་པའི་མིང་རྟགས་འགོད་པའི་མཛད་སྒོ་དེ་ཚེས་20ཉིན་སྐབས་25པའི་པུ་ཏ་ཕེ་སི་རྒྱལ་སྤྱིའི་དཔེ་དེབ་དུས་ཆེན་གྱི་འགྲེམས་སྟོན་བྱ་ཡུལ་དུ་སྤེལ་བ་རེད།
         དེ་ནི་ཕྱི་སྐད་སློབ་ཁྲིད་དང་ཞིབ་འཇུག་དཔེ་སྐྲུན་ཁང་གིས་ཡོ་རོབ་དབུས་ཤར་ས་ཁུལ་གྱི་པུར་ཀ་རི་ཡ་དང་ཕོ་ལན་རྗེས་བཙུགས་པའི་ཕྱི་རྒྱལ་དུ་ཡོད་པའི་རྩོམ་སྒྲིག་པུའུ་གསུམ་པ་དེ་ཡིན་པ་དང་རྩོམ་སྒྲིག་པུས་ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱི་དཔེ་སྐྲུན་ཁང་གི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས་ཕུལ་བྱུང་རིག་གཞུང་དང་རིག་གནས་བརྩམས་ཆོས་ཕན་ཚུན་འོས་སྦྱོར་དང་ཡིག་སྒྱུར་བྱས་ཏེ་ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་སྤེལ་རེས་ཡོང་ཆེད་སྦྲེལ་ཟམ་ཞིག་བསྐྲུན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།