འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།"དཔྱིད་མདངས་བུམ་པའི"འགྲན་བསྡུར་ཆེ་མོས་ཧྥ་རན་སེར་ཡོད་པའི་ཕྱི་སྦྱོང་སློབ་མ་རྒྱལ་ན
    ང་དུ་ལས་གཏོད་བྱ་རྒྱུར་རིམ་པ་མཐོ་བའི་ལས་སྟེགས་མཁོ་འདོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་25ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་21ཉིན། སྐབས་བཅུ་གསུམ་པའི“དཔྱིད་མདངས་བུམ་པའི”ཀྲུང་གོའི་ཕྱི་སྦྱོང་སློབ་མའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོའི་ཕ་རི་སིའི་འགྲན་ཁུལ་གྱི་འགོ་ཚུགས་མཛད་སྒོ་ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སློབ་གསོ་ཁྲུའུ་རུ་འཚོགས་ཤིང་། ལས་རིགས་ནང་ཁུལ་གྱི་མི་སྣ་130ལྷག་ཙམ་དང་དེ་བཞིན་རྒྱལ་ནང་དུ་ལོག་ནས་གསར་གཏོད་ལས་གཏོད་བྱེད་འདོད་ཡོད་པའི་ཕྱི་སྦྱོང་སློབ་མ་སླེབས་ཡོད་པ་རེད།
         ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་སློབ་གསོ་ཁྲུའུ་ཡི་གཞུང་ཚབ་དང་ཚན་ཙན་གཅིག་ལྕོགས་དབྱང་ཅིན་གྱིས་ཤིས་ཚིག་སྒྲོན་སྐབས་གསར་གཏོད་ཀྱི་ནུས་པ་ནི་འཛམ་གླིང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་ཉིན་རེ་བཞིན་འགྱུར་བཞིན་ཡོད། རྒྱུན་ཆད་མེད་པར་ཉམས་མྱོང་བསགས་པ་དང་ལེགས་སུ་བཏང་བ་བརྒྱུད“དཔྱིད་མདངས་བུམ་པའི”འགྲན་བསྡུར་ཆེ་མོ་དེ་ཕྱི་སྦྱོང་སློབ་མ་རྒྱལ་ནང་དུ་ལོག་ནས་ལས་གཏོད་བྱ་རྒྱུར་སྐུལ་ལྕག་བྱེད་པའི་སྤུས་ཚད་མཐོ་བ་དང་རིམ་པ་མཐོ་བའི་ལས་སྟེགས་ཤིག་ཏུ་རིམ་བཞིན་གྱུར་ཡོད་པ་དང་འབྲེལ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་རྒྱུར་སྣེ་ཁྲིད་དང་ཕྱི་སྦྱོང་སློབ་མའི་རང་བརྟེན་གསར་གཏོད་ཀྱི་གསོན་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུར་གལ་ཆེའི་གནས་བབ་བཟུང་ཡོད་ཅེས་གསུངས།
         “དཔྱིད་མདངས་བུམ་པའི”འགྲན་བསྡུར་ཆེ་མོ་ནི་2006ལོར་ཀྲུང་གོའི་སློབ་གསོ་པུའུ་དང་ཚན་རྩལ་པུས་གཉེར་བ་ཞིག་དང་དེའི་དམིགས་ཡུལ་ནི་ཕྱི་རྒྱལ་དུ་ཡོད་པའི་ཕུལ་བྱུང་ཕྱི་སྦྱོང་སློབ་མ་རྒྱལ་ནང་དུ་ལོག་ནས་བྱ་གཞག་གཏོད་རྒྱུའི་སྤྲོ་སེམས་འཕེལ་བ་བྱེད་རྒྱུ་དང་འབྲེལ་ཁོང་ཚོ་རྒྱལ་ནང་དུ་ལོག་ནས་མཐོ་གསར་ལག་རྩལ་གྱི་ཁེ་ལས་གཉེར་རྒྱུར་ལས་སྟེགས་མཁོ་འདོན་བྱས་ཡོད། ད་བར་བསྟུད་མར་སྐབས་12གཉེར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།