འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།འབའ་རྫོང་དུ་བོད་རྒྱ་ཡིག་གཉིས་ཀྱི"ལག་ཐོག་ཐེམ་ཐོ"ཞེས་པའི་འཕྲིན་ཕྲན་སྤྱི་སྟེགས་
    ཤར་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་25ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་སྤྱི་བདེ་ཅུས་ཀྱིས་ཐེམ་ཐོའི་སྐར་ཁུང་གི་ལས་སྒྲུབ་ཞབས་འདེགས་ཞུ་སྟངས་བསྟུན་མར་གསར་གཏོད་བྱས་པ་མ་ཟད། ད་དུང་ད་ལོའི་ལོ་མགོར་ཁུལ་ཡོངས་སུ་བོད་རྒྱ་ཡིག་གཉིས་ཀྱི"འབའ་ཡི་ལག་ཐོག་ཐེམ་ཐོ"ཞེས་པའི་འཕྲིན་ཕྲན་སྤྱི་སྟེགས་ཐོག་མ་དེ་ཤར་གཏོང་བྱས་པ་དང་། ཞིང་འབྲོག་མང་ཚོགས་ལ་སྟབས་བདེའི་ཞབས་ཞུ་སྐྲུན་ཡོད་པ་རེད། 
         ད་ལོར། འབའ་རྫོང་སྤྱི་བདེ་ཅུས་ཀྱིས་ཞབས་ཞུ་སྤུས་ཚད་མུ་མཐུད་ལེགས་བཅོས་དང་། མི་རིགས་སོ་སོའི་མི་དམངས་ཀྱི་ཞབས་ཞུའི་དགོས་མཁོ་བསྐངས་བ། ཞབས་ཞུའི་གོ་རིམ་སྟབས་བདེ་ལེགས་བཅོས་གཏོང་ཆེད། མཚོ་ལྷོ་ཁུལ་དུ"འབའ་ཡི་ལག་ཐོག་ཐེམ་ཐོ"ཞེས་པའི་འཕྲིན་ཕྲན་སྤྱི་སྟེགས་ཐོག་མ་དེ་ཤར་གཏོང་བྱས་པ་རེད། དེས་ཐེམ་ཐོ་ཞབས་ཞུའི་ཚོམས་ཆེན་དངོས་དང་། སྐར་ཁུང་ནས་དྲ་རྒྱ་ཁེབས་ཚད་རྒྱ་བསྐྱེད་པ་མངོན་འགྱུར་བྱེད་དེ། ཞབས་ཞུ་བསྒྲུབས་སའི་མང་ཚོགས་ལ"ཆེས་མཐའ་མའི་སྤྱི་ལེ་གཅིག"གི་འབྲེལ་གཏུགས་ཐུབ་པ་དང་། གྲངས་འཛིན་ཆ་འཕྲིན་དེ་ལམ་བུ་མང་པོ་ནས་རྒྱུག་བཅུག་པ་དང་། མི་རིགས་སོ་སོའི་མང་ཚོགས་རྐང་ཐང་དུ་རྒྱུག་པ་ཉུང་དུ་བཏང་ནས་སྟབས་བདེའི་ཐབས་ཤེས་མངོན་འགྱུར་བྱས་ཤིང་། མི་དམངས་མང་ཚོགས་ལ་སྟབས་བདེ་བའི་ལག་ཁྱེར་ཁ་པར་གྱི་འཕྲིན་ཕྲན་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།