འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་དུ་རིག་གནས་སྣ་ཚོགས་ཉམས་སུ་མྱོང་བ་དང་དཔེ་ཀློག་གི་རྣམ་པ་སྔར་བཞིན་ཟབ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་25ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དཔེ་དེབ་ལྟ་བ་དང་། ཐང་ག་བཞེངས་པ། རྩམ་པ་འཐག་པ། ཤིང་བཟོ་བྱེད་པ། དངུལ་རྒྱན་རྡུང་བ་སོགས། མཚོ་སྔོན་ཟི་ལིང་གི་ཅི་ཧོ་དེབ་ཁང་དུ་སྐྱོད་སྐབས་གཞུ་དབྱིབས་ཅན་གྱི་ཐལ་མདོག་གི་སྒོར་འཛུལ་མ་ཐག་ཀློག་པ་པོས་རྐུབ་སྟེགས་རིང་པོའི་ཐོག་ཁུ་སིམ་པོའི་ངང་དེབ་ལྟ་བའམ། ཡང་ན་རི་མོའི་དགེ་རྒན་གྱི་མཛུབ་སྟོན་འོག་ཐང་ག་བཞེངས་པ་དང་ཤིང་བཟོ་བྱེད་པ་སོགས་ལས་དེབ་ཁང་ནང་དུ་གཞན་དང་མི་འདྲ་བའི་རིག་གནས་དང་འཚོ་བ་ཞིག་ཉམས་སུ་མྱོང་ཐུབ་ལ་དཔེ་ཀློག་གི་སྣང་བ་སྐྱིད་པའི་འཚོ་བའང་ཉམས་སུ་མྱོང་ཐུབ།
         “ལས་སྟེགས་ཤིག་བསྐྲུན་པ་དང་མཛའ་བརྩེའི་ཁོར་ཡུག་ཅིག་བཏོད་ནས་མི་ཚང་མས་སྒྱུ་རྩལ་དང་རིག་གནས་ཀྱི་དགའ་བ་མྱོང་ཐུབ་པའི་རེ་བ་ཡོད”ཅེས་ཅི་ཧོ་དེབ་ཁང་འཛུགས་མཁན་ལིང་ཀིན་གྱིས་བཤད།
        ཐང་ག་ཉམས་ལེན་ཁུལ་ཕུད་རྩམ་པ་འཐག་ཁུལ་དང་ཧོར་རིགས་ཀྱི་འཚེམ་འདྲུབ་མའི་བརྩམས་ཆོས་འགྲེམས་ཁུལ་དང་ཚོང་ཁུལ་གྱིས་ཀྱང་ཀློག་པ་པོ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད། མཁྱེན་ལྡན་མ་ཀྲུའུ་ཡན་ལིས་སློབ་ཆུང་དུ་འགྲོ་བཞིན་པའི་ཕྲུ་གུ་འཁྲིད་དེ་རྩམ་པ་འཐག་སར་ལྟ་བཞིན“ཕྲུ་གུ་དང་མཉམ་དུ་མེས་པོའི་འཚོ་བ་སྐྱེལ་སྟངས་ཉམས་སུ་མྱོང་ཐུབ་བྱུང”ཞེས་བཤད།
         “དཔེ་དེབ་ཁང་ནི་མི་དང་མིའི་དབར་སྤེལ་རེས་ཀྱི་བར་མཐོངས་ཤིག་ཡིན་ལ་མ་འོངས་དང་། ད་ལྟ། འབྱུང་འགྱུར་བཅས་ཀྱི་འདུ་གནས་ཤིག་ཀྱང་ཡིན”དཔེ་དེབ་ནང་དུ་མྱོང་ཚོར་ཡོད་ལ་དངོས་པོ་རྙིང་པ་དང་དེ་སྔའི་འཚོ་བ་སྐྱེལ་སྟངས་ལས་དུས་རབས་ཤིག་གི་རིག་གནས་མངོན་ཡོད། རྩམ་པ་འཐག་པ་དང་། ཤིང་བཟོ་བྱེད་པ། དངུལ་རྒྱན་རྡུང་བ་བཅས་ཚང་མ་ནི་དུས་རབས་ཤིག་ལ་མྱོང་རོལ་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།