འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རིམ་ལྡན་ལྷ་འབྲི་བ་120ལ་ལོ་བཤེར་གྱི་རྒྱུགས་བླངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་25ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ཀྱི་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་ལྷ་སར་གཉེར་ཞིང་། དེའི་རིང་ལྗོངས་ཡོངས་ཀྱི་རིམ་ལྡན་ལྷ་འབྲི་བ་120ཡི་ལོ་འཁོར་གྱི་བརྩམས་ཆོས་ལ་དཔྱད་ཞིབ་བྱས་ཡོད་པ་རེད།
         འདི་ལོའི་དངོས་མང་སྟོན་ཚོགས་ལ“རིམ་པ་སྤོར་གཅོག”གི་ལམ་སྲོལ་ལག་ལེན་བསྟར་རྒྱུ་ཡིན་པས། ཚད་གཞི་མ་ལོན་པའི་རིམ་ལྡན་ལྷ་འབྲི་བར“རིམ་པ་གཅོག་པ”སོགས་ཀྱི་ཆད་པ་ཕོག་རྒྱུ་ཡིན་པ་རེད།
         འབྲེལ་ཡོད་ཀྱི་སྒྲིག་ཡིག་གཞིར་བཟུང་། སྐབས་འདིའི་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་སུ་རིམ་ལྡན་ལྷ་འབྲི་བའི་བརྩམས་ཆོས་ལ་ལོ་བཤེར་བྱ་རྒྱུ་ནང་དོན་གཙོ་བོར་བྱས་ཏེ། རིགས་གཅིག་མཁས་ཅན་གྱི་ཁོངས་མི་7གྱིས་ཞལ་ཐང་གི་ཆ་ཚད་དང་། སྐུའི་ཉམས་འགྱུར། སྐྱ་བྲིས། ཚོན་མདངས། གསེར་བྲིས། བཅད་རྒྱག་པ། གསར་གཏོད་བཅས་ཕྱོགས་7ནས་རིམ་ལྡན་ལྷ་འབྲི་བའི་བརྩམས་ཆོས་ལ་དཔྱད་ཞིབ་དང་སྐར་མ་རྒྱག་རྒྱུ་རེད། ཕུལ་བྱུང་བརྩམས་ཆོས་ཡིན་ཕྱིན་ནང་སའི་སྐོར་སྐྱོད་རིམ་སྤེལ་འགྲེམས་སྟོན་ལ་ཞུགས་སུ་འཇུག་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།