འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་3པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་
    འགལ་བའི་གནད་དོན་3516ཞིབ་བཤེར་ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་24ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་23ཉིན། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ཀྲུང་དབྱང་སྒྲིག་ཨུད་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2018ལོའི་ཟླ་3པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་3516ཞིབ་བཤེར་ཐག་གཅོད་བྱས་པ་བརྒྱུད། མི་4910ལ་ཐག་གཅོད་བྱས་པ་དང་མི་3473ལ་ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་པ་བཅད་ཡོད་པ་རེད།
         རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ་ཤེས་རྟོགས་བྱ་ཆེད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཁག ཀྲུང་དབྱང་ཁེ་ལས་དང་ཀྲུང་དབྱང་གི་དངུལ་རྩའི་ཁེ་ལས་སོགས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཚུལ་ཟླ་རེར་སྙན་ཞུའི་ལམ་ལུགས་བཙུགས་ཡོད་པ་རེད།
         ཟླ་3པའི་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་3516གི་ནང་དུ། གཏན་འབེབས་ལས་འགལ་ནས་ཕོགས་སྣོན་དང་ཁ་གསབ་བྱེད་པ་807དང་གཏན་འབེབས་ལས་འགལ་ནས་ལག་རྟགས་ལེན་སྤྱོད་པ་600 གཏན་འབེབས་ལས་འགལ་ནས་གཞུང་སྤྱོད་རླངས་འཁོར་སྒེར་སྤྱོད་པ་574 གཏན་འབེབས་ལས་འགལ་ནས་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་པ་453 གཉེན་སྒྲིག་གི་མཛད་སྒོ་རྒྱ་ཆེར་གཉེར་བ་426 ཚད་གཞི་ལས་བརྒལ་བའི་སྣེ་ལེན་མཁོ་འདོན་དང་དང་ལེན་བྱེད་པ་དང་། ཡང་ན་གཞུང་དངུལ་སྤྱད་དེ་འཛད་སྤྱོད་མཐོ་བའི་རོལ་རྩེད་ལུས་སྦྱོང་བྱེད་སྒོའི་ནང་ཞུགས་པ། གཏན་འབེབས་ལས་འགལ་ནས་མི་སྒེར་གྱི་འདུ་གནས་སུ་འགྲོ་བ། འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་གཏན་འབེབས་ལས་འགལ་བ། གཏན་འབེབས་ལས་འགལ་ནས་དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་གསོལ་སྟོན་བཤམས་པ་སོགས་ཀྱི་གནད་དོན་345 གཞུང་དངུལ་སྤྱད་དེ་རྒྱལ་ནང་དུ་ཡུལ་སྐོར་སྐྱོད་པ167 སྣེ་ལེན་ཁང་གི་གཏན་འབེབས་ལས་འགལ་བའི་གནད་དོན་134  གཞུང་དངུལ་སྤྱད་ནས་ཕྱི་རྒྱལ་དུ་ཡུལ་སྐོར་སྐྱོད་པ་10 ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དབང་གིས་ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་པ་བཅད་པའི་ལས་བྱེད་པའི་ཁྲོད་ས་ཁུལ་དང་ཐིང་རིམ་པའི་མི་58དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་405 ཤང་དང་ཁོའོ་རིམ་པ་དང་དེ་མན་གྱི་མི་3010བཅས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།