འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་རབས་གསར་པའི་ཞིང་པ་ལས་མིའི་ཉམས་འགྱུར་ངོམས་སའི་གར་སྟེགས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་24ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།དུས་རབས་གསར་པའི་ཞིང་པ་ལས་མིའི་ཉམས་འགྱུར་ངོམས་སའི་གར་སྟེགས།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་22ཉིན། ཀྲུང་གོ་འཛུགས་སྐྲུན་ཅུས་གསུམ་པའི་ཞིང་པ་ལས་མིའི་རྒྱན་གོས་འཁྲབ་སྟོན་རུ་ཁག་ཀྲུང་གོ་འཛུགས་སྐྲུན་ཅུས་གསུམ་པའི་པེ་ཅིང་གནམ་ཐང་གསར་པ་འཛུགས་སྐྲུན་གྱི་ལས་ཡུལ་དུ་བསྐྱོད་ནས་བཟོ་པ་ལས་རོགས་ཚོར“བདེ་སྐྱིད་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་རེད”ཅེས་པའི་བརྗོད་དོན་གཙོ་བོའི“ལྔ་གཅིག”དུས་ཆེན་བསུ་བའི་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད། འཁྲབ་སྟོན་རུ་ཁག་དེ་འདི་ལོའི་ཟླ་བཞི་པའི་ཟླ་འགོར་བཙུགས་པ་དང་འཁྲབ་སྟོན་པ་13ཚང་མ་ནི་ཀྲུང་གོ་འཛུགས་སྐྲུན་ཅུས་གསུམ་པའི་ཀུང་སི་གསུམ་པའི་འཐབ་ཕྱོགས་དང་པོའི་ཞིང་པ་ལས་མི་ཡིན་ཞིང་། གོང་གི་པར་རིས་ནི་གོང་ཚེས་ཉིན་ཀྲུང་གོ་འཛུགས་སྐྲུན་ཅུས་གསུམ་པའི་ཞིང་པ་ལས་མིའི་རྒྱན་གོས་འཁྲབ་སྟོན་རུ་ཁག་གིས་བཟོ་པ་ལས་རོགས་ཚོར་འཁྲབ་སྟོན་བྱེད་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།