འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྩྭ་ཐང་ཐོག་གི"དཔེ་ཆ་རྡོ་ཕུང"

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་24ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།རྩྭ་ཐང་ཐོག་གི'དཔེ་ཆ་རྡོ་ཕུང'
         མི་དམངས་དྲ་བའི་འཕྲིན། ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧྲེན་ཆི་པ་དབྱིན་ཤིས་ལི་ཀ་ཁྲར་དམིགས་བསལ་ཁྱད་ཆོས་ལྡན་པའི་རྡོ་ཕུང་ཞིག་ཡོད་པ་དེར་འབྲོག་པ་ཚོས“དཔེ་ཆ་རྡོ་ཕུང”ཞེས་འབོད་ཀྱི་ཡོད། དེ་ནི་འབྲོག་པ་ཨ་ལ་ཐེང་པི་ལི་ཀེ་དང་གཅུང་པོ་ཧ་སི་པི་ལི་ཀེས་རྡོ་3000ལྷག་ཙམ་གྱིས་བརྩིགས་པའི་རྡོ་ཕུང་ཞིག་ཡིན་པ་དང་རྡོ་ཚང་མའི་སྟེང་སོག་ཡིག་གི་དེབ་མིང་བརྐོས་ཡོད། དཔེ་དེབ་ལ་དགའ་པོ་ཡོད་པའི་རྐྱེན་གྱིས་གཅེན་གཅུང་གཉིས་པོས་སྲིད་གཞུང་གི་རོགས་རམ་འོག“དཔེ་ཆ་རྡོ་ཕུང”དང་དེ་བཞིན་དཔེ་མཛོད་ཁང་བསྐྲུན་ནས་སྲོལ་རྒྱུན་གྱི་རྣམ་པ་དེ་རིགས་སྤྱད་དེ་འབྲོག་པས་དཔེ་དེབ་ལ་མཐོང་ཆེན་བྱ་རྒྱུར་འབོད་སྐུལ་བྱས་ནས་ཤེས་བྱའི་ཟམ་པ་བསྐྲུན་ཡོད། མིག་སྔར་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི་4ལྷག་ཙམ་ཉར་ཚགས་བྱས་ཡོད་པ་དང་། མཐའ་འཁོར་གྱི་འབྲོག་པས་འཚོ་བའི་ཁྲོད་གལ་སྲིད་བཅའ་ཁྲིམས་དང་། བདེ་ཐང་། ཕྱུགས་རིགས་གསོ་ཚགས་སོགས་ཐད་ཀྱི་གནད་དོན་འཕྲད་ཚེ་དཔེ་མཛོད་ཁང་དུ་དཔྱད་གཞིའི་ཡིག་རིགས་བཙལ་ནས་ལྟ་ཀློག་བྱེད་ཀྱི་ཡོད་ཅིང་། གོང་གི་པར་རིས་ནི་ཟླ་4ཚེས་22ཉིན་མི་མེད་གནམ་གྲུའི་ཐོག་ནས་པར་དུ་བླངས་པའི་དཔེ་ཆ་རྡོ་ཕུང་གི་མཛེས་ལྗོངས་ཧྲིལ་པོ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།