འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་དབུལ་སྐྱོར་དཔྱད་ཞིབ་ཀྱི་ཐེངས་གྲངས་ཚོད་འཛིན་བྱས་ནས་དབུལ་སྐྱོར་དེ་
    ཁ་གཏད་གཅོག་ཐབས་ཙམ་ལ་མ་འགྱུར་བ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་24ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་22ཉིན། གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བར། ཀན་སུའུ་ཞིང་ཆེན་གྱིས་གཏན་འབེབས་གསར་པ་ཞིག་བཏོན་ནས་ཀན་སུའུ་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲོའུ་རིམ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་ལོ་ལྟར་གཞི་རིམ་དུ་དབུལ་སྐྱོར་དཔྱད་ཞིབ་ཀྱི་ཐེངས་གྲངས་མང་ཤོས་གཉིས་ལས་བརྒལ་མི་ཆོག་པའི་བླང་བྱ་ཁ་གསལ་བཏོན་པ་རེད། གཏན་འབེབས་དེ་བཏོན་པའི་དམིགས་ཡུལ་ནི་དབུལ་སྐྱོར་དཔྱད་ཞིབ་ལན་མང་དང་བསྐྱར་ཟློས་བྱ་རྒྱུ་ནན་འགོག་བྱས་ནས་གཞི་རིམ་ལ་དབུལ་སྐྱོར་འགག་སྒྲོལ་དེ་ཁ་གཏད་གཅོག་ཐབས་ཙམ་ལ་མ་འགྱུར་བའི་ཁྲིད་སྟོན་བྱ་ཆེད་རེད།
         ཀན་སུའུ་ཞིང་ཨུད་དང་ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་བཟོས་པའི་《གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》ནང་ད་དུང་ཆོག་མཆན་མ་ཐོབ་གོང་གྲོང་ཁྱེར་དང་ཀྲོའུ་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་དཔྱད་ཞིབ་ལས་དོན་སྤེལ་སྐབས་ཕུང་གསུམ་པའི་ཚོད་སྐོར་བྱེད་མི་ཆོག་པ་དང་ཏང་ཨུད་དང་སྲིད་གཞུང་གི་སྡེ་ཚན་གཞན་དག་གིས་དབུལ་སྐྱོར་ལས་བྱེད་པར་ལས་རིགས་གཞན་དག་གི་ཞིབ་བཤེར་དཔྱད་གདེང་བཀོད་སྒྲིག་བྱ་རྒྱུ་ནན་འགོག་བྱེད་དགོས་པའི་གཏན་འབེབས་བྱས་པ་རེད། དེ་གོང་ཀན་སུའུ་ཡིས་ད་དུང་བྱེད་ཐབས་བཟོས་ནས་རྫོང་དབུལ་པོའི་ལས་རྗེས་དཔྱད་ཞིབ་ཐད་དབུལ་སྒྲོལ་འགག་སྒྲོལ་གྱི་བྱས་རྗེས་དངོས་ལ་གཙོ་གནད་དུ་རྟོག་ཞིབ་བྱས་པ་རེད།
         ཀན་སུའུ་ཞིང་ཆེན་དུ་2017ལོའི་ལོ་མཇུག་ཏུ་ད་དུང་དབུལ་སྒྲོལ་ཐུབ་མེད་པའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྐྱོར་བྱ་ཡུལ་མི་ཁྲི་189ལྷག་ཙམ་ཡོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། 2017ལོ་ནས་བཟུང་། ཀན་སུའུ་ཡིས་དབུལ་སྒྲོལ་དཔྱད་ཞིབ་དང་མངོན་ཞིབ་ལྐོག་བཤེར་བྱེད་ཤུགས་ཆེ་རུ་བཏང་བས་ས་ཁུལ་དབུལ་པོའི་དབུལ་པོ་ངོ་མ་དབུལ་སྒྲོལ་བྱེད་པ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ལྕག་དང་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། འོན་ཀྱང་དེ་དང་དུས་མཚུངས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་དབུལ་སྐྱོར་དཔྱད་ཞིབ་སྒྲིག་འཛུགས་ཡང་ཡང་བྱས་ཏེ་དཔྱད་ཞིབ་བྱེད་གྲངས་མང་བ་དང་དཔྱད་ཞིབ་ནང་དོན་བསྐྱར་ཟློས་དང་གཅིག་མཚུངས་དབང་གིས་དབུལ་སྐྱོར་འཐབ་ཕྱོགས་དང་པོས་དཔྱད་གདེང་དང་ཞིབ་བཤེར་བསུ་བའི་ལས་འགན་ལྕི་རུ་ཕྱིན་ཡོད། དཔྱད་ཞིབ་ལ་ཁ་གཏད་གཅོག་ཆེད། ས་གནས་ཁ་ཤས་སུ་ད་དུང་ཞིབ་བཤེར་བསུ་ཆེད་དབུལ་སྐྱོར་ཁ་གཏད་གཅོག་ཆེད་ལྟ་བུའི་གནས་ཚུལ་ཐོན་ཡོད།
         དེ་དང་དུས་མཚུངས། ཀན་སུའུ་ཡིས་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་གི་དབུལ་སྐྱོར་དཔྱད་ཞིབ་སྒྲིག་འཛུགས་དང་ལག་བསྟར་ནན་པོ་བྱས་ཏེ་ཕུང་གསུམ་པའི་ཚོད་སྐོར་དང་མང་ཚོགས་དབུལ་པོའི་བློ་ཡིད་ཚིམ་ཚད་ལ་གདེང་འཇོག་བྱ་རྒྱུར་མཐོང་ཆེན་བྱས་ཡོད། ལོ་འགོར་ཀན་སུའུ་ཡིས་ལས་བྱེད་པ་དང་མང་ཚོགས་ཀྱིས“ལོ་རྒྱུས་ཐོག་ནན་ཤོས”ཞེས་སུ་གྲགས་པའི་དབུལ་སྐྱོར་དཔྱད་ཞིབ་ཐེངས་གཅིག་དང་ལེན་བྱས་པར་མིག་སྔར་ཀན་སུའུ་ཞིང་ཆེན་གྱིས་ཞིབ་བཤེར་ཆེ་མོ་དེའི་ཁྲོད་ཤེས་རྟོགས་ཐུབ་པའི་གནད་དོན་དང་མི་འདང་ས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བཅོས་སྒྲིག་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།