འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ནོར་ཝེ་ཡིས་བྱང་སྣེའི་གནམ་གཤིས་ཞིབ་འཇུག་ལས་སྟེགས་ཐུན་མོང་ཐོག་བསྐྲུན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་24ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་ཀྲུང་གོ་ཚན་རིག་ཁང་རླུང་ཁམས་ཆེ་མོའི་དངོས་ཁམས་རིག་པ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོ་དང་ནོར་ཝེའི་ཚན་རིག་ཞིབ་འཇུག་མི་སྣས་བྱང་སྣེའི་གནམ་གཤིས་ལྟ་ཞིབ་ཚད་ལེན་ཏེ་སྔོན་དཔག་ལས་སྟེགས་ཐུན་མོང་ཐོག་བསྐྲུན་ནས་བྱང་སྣེའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་དེའི་ཤུགས་རྐྱེན་ལ་ཐུན་མོང་ཐོག་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད།
         རླུང་ཁམས་ཆེ་མོ་ཁང“ཀྲུའུ་ཁེ་ཀྲེན—ནན་སེན་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས”(གཤམ་ལ“ཀྲུའུ་ནན་ལྟེ་གནས”ཞེས་བསྡུ་རྒྱུ)ཀྲུང་ནོར་མཉམ་ལས་བྱས་ནས་ལོ་15འཁོར་བ་དང་འཕེལ་རྒྱས་འཐབ་ཇུས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་ཀྲུང་གོ་དང་ནོར་ཝེ་ཕྱོགས་གཉིས་པོའི་ཚན་རིག་མཁས་ཅན་གྱིས་གནམ་གཤིས་སྔོན་དཔག་དང་། གནམ་གཤིས་འགྱུར་ལྡོག་དང་དེའི་ཤུགས་རྐྱེན། དཔེ་དབྱིབས་འཕེལ་རྒྱས་སོགས་གླེང་མང་བའི་ཚན་རིག་གནད་དོན་ལ་ཆེད་དོན་བགྲོ་གླེང་བྱས་པ་མ་ཟད། “ཀྲུའུ་ནན་ལྟེ་གནས”ལས་སྟེགས་སུ་བྱས་ནས་བྱང་སྣེའི་གནམ་གཤིས་ཞིབ་འཇུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་རེད།
         དེ་དང་ཆབས་ཅིག་ཚན་ཞིབ་མི་སྣས་བྱང་སྣེའི་གནམ་གཤིས་འགྱུར་ལྡོག་གིས་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེན་མོའི་གནམ་གཤིས་ཀྱི་ཤུགས་རྐྱེན་ལ་ཞིབ་འཇུག་བྱ་རྒྱུ་མ་ཟད། ཉེ་བའི་ལོ་ཤས་རིང་གི་ཐན་སྐྱོན་དང་། ཆུ་ལོག་དང་ཞོད་སྐྱོན། དྲོད་ཚད་མཐོ་བ་སོགས་ཐོན་མང་བའི་གནས་ཚུལ་ལ་དམིགས་ནས་གནམ་གཤིས་ངན་པའི་དོན་རྐྱེན་དང་དེའི་ཞོར་ཐོན་གནོད་འཚེའི་སྔོན་དཔག་མ་ལག་ཞིབ་བཟོ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།