འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱི་མཁས་དབང་གིས་སྲིད་གཞུང་ལ"རྒྱུད་གཅིག་ལམ་གཅིག"གི་མཉམ་ལས་ནང་
    ཧུར་ཐག་ཞུགས་རྒྱུའི་འབོད་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་24ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་རི་པིན་གྱི་མཁས་དབང་མང་པོ་ཞིག་གིས་ཐོ་ཁེའོ་རུ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་བགྲོ་གླེང་ཚོགས་འདུ་འཚོགས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཕན་འབྲས་དངོས་ཐོན་པ་དང་མཉམ་ལས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་པའི་ངོས་འཛིན་བྱས་པ་དང་འབྲེལ། རི་པིན་སྲིད་གཞུང་ལ་རི་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུའི་འབོད་སྐུལ་ཡང་བྱས་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་རི་པིན་གྱི་དེ་སྔའི་གཞུང་ཚབ་ཆེ་མོ་བ་ཀུའུ་ཁོ་ཁྲེང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཀྲུང་གོར་ཡིད་ཆེས་ཀྱིས་ཁེངས་བཞིན་འདུག རི་པིན་སྲིད་གཞུང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་འབྲེལ་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་ཞུགས་དགོས་ཀྱི་འདུག རི་པིན“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་ཚེ། རི་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་མ་ཟད། ད་དུང་ཨེ་ཤེ་ཡའི་དར་རྒྱས་བརྟན་ལྷིང་ལ་ལེགས་སྐྱེས་ཀྱང་འབུལ་ཐུབ་ཅེས་བཤད་པ་རེད།
         རི་པིན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཤེའུ་མུའུ་ཀྲའོ་ཝུན་གྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་རི་ཀྲུང་ཧན་རྒྱལ་ཁབ་གསུམ་ལ་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད། དེས་ན་རི་ཀྲུང་ཧན་མཉམ་འབྲེལ་ཞིབ་འཇུག་ཐེབས་རྩ་བཙུགས་ཏེ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གསུམ་གྱི་རིག་གཞུང་ཞིབ་འཇུག་ལ་ལྕག་སྐུལ་བྱ་རྒྱུ་དང་འབྲེལ། སྐུལ་འདེད་ཀྱང་གཏོང་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།
         རི་པིན་ཀྲུའུ་པོ་སློབ་ཆེན་གྱི་མཚན་འཛིན་དགེ་རྒན་ཆེ་མོ་བ་ཅིན་ཐེང་རུང་དབྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ད་ལྟ་རི་ཀྲུང་འབྲེལ་བ་ལེགས་སུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་འཕྲད་པ་དང་། རི་པིན་གྱི་དཔལ་འབྱོར་ལས་རིགས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་འདོད་ཆེན་པོ་བྱེད་པ། རི་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཐད་གཏིང་ཤུགས་ཆེན་པོ་གནས་ཡོད་ཅེས་བཤད། མཁས་དབང་ཞིག་ཡིན་པའི་ཁོང་གིས་རྒྱལ་ཁབ་གཉིས་པོའི་དབར་གྱི་རིག་གཞུང་དང་ཞིབ་འཇུག་སྤེལ་རེས་ཀྱི་ལེགས་ཆ་དང་རིན་ཐང་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་ཁབ་གཉིས་མཉམ་ལས་སྔར་ལས་ལྷག་པ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
         རི་པིན་གྱི་དཔལ་འབྱོར་རིག་པ་མཁས་ཅན་ཐན་ཏའེ་ཤེའུ་མིང་གིས་རི་ཀྲུང་འབྲེལ་བ་དེ་རི་པིན་གྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་ཡིན། རི་པིན་གྱི་ཁེ་ལས་ཀྱིས་ཀྱང་ཀྲུང་གོ་ཕྱོགས་དང་མཉམ་ལས་འགྲོ་འོང་བྱ་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་དང་འབྲེལ་བ་ཡག་པོ་འཛུགས་རྒྱུ་དེ་རི་པིན་གྱི་དམངས་ཚོགས་ཀྱི་ཁེ་ཕན་དང་མཐུན་ཡོད་ལ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་གཏོང་བའི་འཕེལ་ཕྱོགས་ཆེན་པོ་དང་ཡང་མཐུན་ཡོད་པས་གདམ་ག་གཞན་དག་མེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།