འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྤྱི་གླིང་གཉིས་འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱའི་མིང་གཞུང་ནང་ཚུད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་ཚེས་17ཉིན་ཀྲུང་གོའི་ཧོང་ཀང་ཏ་པེ་རི་བོའི་ས་གཤིས་སྤྱི་གླིང་དང་ཀོང་ཝུའུ་རི་བོ——ནུའོ་ཧྲུའེ་གཙང་པོའི་ས་གཤིས་སྤྱི་གླིང་གཉིས་འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱའི་མིང་གཞུང་ནང་འཇུག་རྒྱུར་དངོས་སུ་ཆོག་མཆན་བཀོད་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་དེ་ཉིན་སྤྱི་བསྒྲགས་སྤེལ་ནས་ཀྲུང་གོ་དང་། པེར་ཀྲེམ། ཁ་ན་ཏ། སི་ཕེན། ཧྥ་རན་སེ། ཧིན་རྡུ་ཉི་ཞི་ཡ་སོགས་རྒྱལ་ཁབ་11གི་ས་གཤིས་ཤུལ་བཞག་13མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱའི་མིང་གཞུང་ནང་དངོས་སུ་བཅུག་པ་དང་། དེ་དག་ནང་ཀྲུང་གོའི་ཧོང་ཀང་ཏ་པེ་རི་བོའི་ས་གཤིས་སྤྱི་གླིང་དང་ཀོང་ཝུའུ་རི་བོ—ནུའོ་ཧྲུའེ་གཙང་པོའི་ས་གཤིས་སྤྱི་གླིང་གཉིས་ཚུད་ཡོད་པ་རེད། ད་ཆ་འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱའི་མིང་གཞུང་ནང་གི་སྤྱི་གླིང་བསྡོམས་འབོར་140ཟིན་པ་དང་། དེ་དག་རྒྱལ་ཁབ་དང་ས་ཁུལ་38ནས་ཡིན་ཞེས་བཤད་པ་རེད།
         ཧོང་ཀང་ཏ་པེ་རི་བོའི་ས་གཤིས་སྤྱི་གླིང་ནི་ཧུའུ་པེ་ཞིང་ཆེན་བྱང་ཤར་རྒྱུད་ཀྱི་ཧོང་ཀང་གྲོང་ཁྱེར་ཀྱི་ཁོངས་གཏོགས་ཏེ། ཏ་པེ་རི་བོའི་ལྷོ་འདབས་དང་འབྲི་ཆུའི་བར་རྒྱུད་ཀྱི་བྱང་ངོགས་སུ་གནས་ཤིང་། སྤྱི་གླིང་དེའི་ནང་ནས་ལོ་དུང་ཕྱུར་28སྔོན་གྱི་གནའ་བོའི་རི་ཆགས་པའི་རྫས་སྣ་ཐོན་པ་མ་ཟད། ད་དུང་རྒྱུ་འགྱུར་བའི་བྲག་རྡོ་སྣ་ཚོགས་ཀྱང་ཐོན་ཡོད་པ་རེད།
         ཀོང་ཝུའུ་རི་བོ—ནུའོ་ཧྲུའེ་གཙང་པོའི་ས་གཤིས་སྤྱི་གླིང་ནི་སི་ཁྲོན་ཞིང་ཆེན་པཱ་ཀྲུང་གྲོང་ཁྱེར་བྱང་ཤར་རྒྱུད་དུ་ཆགས་ཡོད་པ་དེར་ཁཱ་སི་ཐེ་ས་དབྱིབས་ཀྱི་མཛེས་ལྗོངས་ཕུན་སུམ་ཚོགས་པོ་ཡོད་པ་རེད། སྤྱི་གླིང་དེ་ནི་གནའ་བོའི་སྐམ་ས་ཆེ་མོའི་བྱུང་འཕེལ་སོགས་ལ་ཞིབ་འཇུག་བྱེད་པའི་རང་བྱུང་ས་གཤིས་ཀྱི་རྟེན་རྫས་བཤམས་མཛོད་ཁང་ཞིག་ཡིན་པ་རེད།
         འཛམ་གླིང་ས་གཤིས་སྤྱི་གླིང་དྲ་རྒྱ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག 2004ལོར་བཙུགས་ཤིང་། དེའི་དམིགས་ཡུལ་ནི་ས་གཤིས་ཤུལ་བཞག་ཐད་ཀྱི་རིགས་གཅིག་མཁས་ཅན་དང་ལས་ཞུགས་མི་སྣས་མཉམ་ལས་བྱ་རྒྱུར་བསྔགས་སྐུལ་བྱེད་པ་དང་ཆབས་ཅིག་ས་གཤིས་ཀྱི་གནོད་འཚེ་དང་། གནོད་འཚེ་ཉུང་གཏོང་འཐབ་ཇུས། གནམ་གཤིས་འགྱུར་ལྡོག་བཅས་ཀྱི་ངོས་འཛིན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།