འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་སིལ་ཚོང་ཚོགས་ཆེན་ཐོག་ཀྲུང་གོའི་གོ་སྐབས་ལ་དོ་ཁུར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན། འཛམ་གླིང་སིལ་ཚོང་ཚོགས་འདུ་སི་ཕེན་གྱི་རྒྱལ་ས་མ་ཏེ་རིར་འཚོགས་པ་རེད། གོ་ལ་ཧྲིལ་པོའི་སིལ་ཚོང་ལས་རིགས་དང་དེ་བཞིན་འབྲེལ་ཡོད་ཁེ་ལས་ཀྱི་འཐུས་མི་ལྷན་དུ་འཛོམས་ནས་དུས་རབས་གསར་པའི་སིལ་ཚོང་ལས་རིགས་འཕེལ་རྒྱས་དང་གསར་གཏོད་ལ་གྲོས་བསྡུར་བྱེད་སྐབས་ཀྲུང་གོའི་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོའི་སིལ་ཚོང་ལས་རིགས་ལ་གོ་སྐབས་སྦྱིན་པར་དོ་ཁུར་བྱས་པ་རེད།
         ད་ཐེངས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“གསར་གཏོད་ཀྱིས་རྒྱལ་ཁ་ལེན་ཐུབ་པ”ཞེས་པ་དེ་ཡིན། གསར་འགོད་པས་ཚོགས་ཆེན་ཐོག་ནས་སྤུས་རྟགས་ཐོན་སྐྱེད་ཚོང་པ་མང་ཆེ་བས་ཀྲུང་གོའི་ཁྲོམ་རར་དགའ་ཞེན་ཆེན་པོ་བྱེད་པ་ཚོར་བྱུང་། ཚོགས་ཆེན་གྱི་གླེང་སྟེགས་ཐོག་སི་ཕེན་གྱི་གྱོན་གོས་ལས་རིགས་ཀྱི་སྒེར་སྡེམ་པ་ཆེན་པོ་MANGOཡི་ལག་བསྟར་སྤྱི་ཁྱབ་གཞོན་པ་ཏན་ཉིར·ལོ་ཕི་སིས“འཕེལ་རྒྱས་མྱུར་པོ་འགྲོ་བའི་ཀྲུང་གོ་ནི་འཛམ་གླིང་གི་གོ་སྐབས་ཤིག་རེད། ཀྲུང་གོ་ཧ་ཅང་འཇོན་པོ་འདུག ཁོང་ཚོའི་དྲ་ཐོག་ཚོང་ལས་སྟེགས་བུར་གྲུབ་འབྲས་ཐོབ་པའི་གཉེར་སྐྱོང་གི་བྱེད་ཐབས་དང་ལུགས་མཐུན་གྱི་ཚོང་ལས་རྣམ་པ་ཡོད་པས། མཉམ་ལས་རོགས་ཟླ་ཡག་ཤོས་ཞིག་རེད”ཅེས་བཤད།
         ཀྲུང་གོའི་ཁྲོམ་ར་ལས་ཕན་པ་ཐོབ་པའི་སི་ཕེན་གྱི་སྤུས་རྟགས་MANGOཙམ་མ་ཡིན་པར། 2015ལོ་ནས་བཟུང་སི་ཕེན་གྱི་ཐོན་རྫས་འགྲེམས་ཚོང་ཁང་ཐན་མའོ་རྒྱལ་སྤྱིའི་ཉོ་ཚོང་དྲ་བར་ཞུགས་ཚུན། ལོ་གསུམ་རིང་སི་ཕེན་གྱི་སྤུས་རྟགས་བརྒྱ་ལྷག་ཙམ་ཐོ་བཀོད་ཟིན་ཡོད། 2015ལོ་ནས་2017ལོའི་བར་སི་ཕེན་གྱི་ཐོན་རྫས་ཐན་མའོ་ཉོ་ཚོང་དྲ་བ་ནས་ཕྱིར་ཚོང་བྱེད་ཚད་120%ཟིན་ཡོད།
         རང་འགུལ་ངང་མིང་ཐོ་བཀོད་ནས་ཚོགས་ཆེན་དུ་ཨ་ལི་པ་པ་ཡི་དང་བླངས་པ་བྱེད་པར་ཡོང་བའི་སི་ཕེན་གྱི་ན་གཞོན་ཞིག་གིས“ཀྲུང་གོར་གཏིང་ཤུགས་ཆེན་པོ་ལྡན་པ་མ་ཟད། འཛམ་གླིང་ལ་གོ་སྐབས་སྦྱིན་ཐུབ་རྒྱུ་ཡིན་པས་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་སྲིད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།