འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཧང་ཀྲོའུ་ཨའེ་གཡོད་རོལ་དབྱངས་ཚོགས་པས“རྒྱུད་གཅིག་ལམ་གཅིག”གི་ཡོ་རོབ་
    དབུས་ཤར་གྱི་རྒྱལ་ཁབ་ལྔར་སྐོར་སྐྱོད་འཁྲབ་སྟོན་བྱེད་ཐེངས་ཐོག་མ་ཀེ་རི་སེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན་གྱི་དགོང་མོ། ཧང་ཀྲོའུ་ཨའེ་གཡོད་རོལ་དབྱངས་ཚོགས་པའི2018ལོའི“རྒྱུད་གཅིག་ལམ་གཅིག”གི་ཡོ་རོབ་དབུས་ཤར་གྱི་རྒྱབ་ཁབ་ལྔར་སྐོར་སྐྱོད་འཁྲབ་སྟོན་བྱེད་ཐེངས་ཐོག་མ་དེ་ཨ་ཐེན་སིའི་རོལ་དབྱངས་ཚོམས་ཆེན་དུ་བྱས་པ་རེད།
         ཉིན་དེའི་དགོང་མོ་རོལ་དབྱངས་ཚོགས་པའི་སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་དང་དབུ་བཞུགས་བཀོད་འདོམས་པ་གཅིག་ལྕོགས་གཡང་ཡང་གི་བཀོད་འདོམས་འོག་རོལ་ཆ་རྐྱང་དཀྲོལ་སྐུ་མགྲོན་དང་ཨོག་ལེན་དཀྲོལ་མཁས་ཅན་ཉིང་ཧྥིང་དང་རོལ་དབྱངས་ཚོགས་པའི་ཁོངས་མི་གཞན་གྱིས་ལྟད་མོ་བར་ཨུ་རུ་སུའི་གཞས་གདངས་རྩོམ་མཁས་ཅན་ལ་ཧོ་མ་ཉི་ནོ་ཕུའུ་ཡི《མཉམ་སྒྲོག་ཞབས་བྲོའི་རོལ་དབྱངས་》ཞེས་པ་དང་ཝ་ཀེ་ནེའི་གླུ་གཞས་ཟློས་གར་《ཡུལ་གྱར་ཧོ་ལན་བ་》ཞེས་པའི་སྔོན་འགྲོའི་རོལ་མོ་སོགས་རོལ་དབྱངས་འཁྲབ་སྟོན་བྱས་པ་རེད།
         “མཉམ་སྒྲོག་རོལ་དབྱངས་ཚོགས་པ་ནི་མིག་སྔར་འཕེལ་རྒྱས་མགྱོགས་མྱུར་འགྲོ་བཞིན་པའི་རོལ་དབྱངས་ཚོགས་པའི་གྲས་ཤིག་ཡིན། ཀྲུང་གོའི་ཁྱབ་ཁོངས་དེའི་ནང་གི་འཕེལ་རྒྱས་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། ལྟད་མོ་བ་ཚོས་རོལ་དབྱངས་འཁྲབ་སྟོན་དེར་དགའ་པོ་བྱ་རྒྱུའི་ཡིད་ཆེས་ཡོད”ཅེས་ཨ་པོ་སི་ཐོ་ལོ་ཕུ་ལོ་སི་ཡིས་བཤད།
         ཀེ་རི་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཙོའུ་ཤའོ་ལི་ཡིས་ལྟད་མོ་བ་སྟོང་ཕྲག་དང་མཉམ་དུ་འཁྲབ་སྟོན་ལ་བལྟས་པ་རེད།
         རོལ་དབྱངས་ཚོགས་པའི་འཁྲབ་སྟོན་ས་ཚིགས་གཉིས་པ་ནི་ཀེ་རི་སེའི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ཡིན་པའི་སའེ་ས་ལོ་ཉི་ཅིར་ཡིན་པ་རེད། ད་ཐེངས་ཀྱི་སྐོར་སྐྱོད་འཁྲབ་སྟོན་དེ་ཀེ་རི་སེ་དང་། པུར་ཀ་རི་ཡ། རོ་མ་ནི་ཡ། སར་པི་ཡ། ཧང་ག་རི་བཅས་རྒྱལ་ཁབ་ལྔའི་གདན་ཞུས་ལྟར་བྱས་པ་ཞིག་རེད། 
      

    ཕྱོགས་བསྡུས་གསར་འགྱུར།