འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་འབར་མའི་རྒྱལ་སྤྱིའི་བགྲོད་ལམ་སྟེ་ཁུན་ཀོང་ཏ་ལྕགས་ལམ་ཚོད་ལྟ་བྱེད་འགོ་
    ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དངུལ་མདོག་ཅན་གྱི་ཕྱོགས་བསྡུས་ཞིབ་དཔྱད་ཚད་ལེན་གྱི་ཤུགས་འགྲེམས་མེ་འཁོར་ཡུན་ནན་ཞིང་ཆེན་ཁྲུའུ་ཞུང་ཀྲོའུ་ཡི་ཀོང་ཐུང་བབས་ཚུགས་བྱང་མ་ནས་ཐོན་ཏེ་ནུབ་རྒྱུད་ཏ་ལི་ཕྱོགས་སུ་བསྐྱོད་པ་དེ་ཐོག་ནས་ཀྲུང་གོ་དང་འབར་མའི་རྒྱལ་སྤྱིའི་བགྲོད་ལམ་ཁུན་མིང་དང་། ཀོང་ཐུང་། ཏ་ལི་བཅས་བར་གྱི་ལྕགས་ལམ་མཉམ་འབྲེལ་བཀོད་གཏོང་ཚོད་ལྟ་ཐུབ་སྟེ་ཁུན་མིང་ནས་ཏ་ལི་བར་དུ་ཤུགས་འགྲེམས་མེ་འཁོར་གཏོང་ཉེར་ཡོད་པ་མཚོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁུན་མིང་དང་། ཀོང་ཐུང་། ཏ་ལི་བཅས་ཀྱི་ལྕགས་ལམ་ནི་ཀྲུང་གོ་དང་འབར་མའི་རྒྱལ་སྤྱིའི་བགྲོད་ལམ་དང་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཤར་སྣེ་ཁུན་མིང་བབས་ཚུགས་དང་ཁུན་མིང་བབས་ཚུགས་ལྷོ་མ་བརྒྱུད་དེ་རྒྱལ་ཡོངས་ཀྱི་ལྕགས་ལམ་དྲ་རྒྱ་དང་མཐུད་ཡོད་པ་དང་ནུབ་སྣེ་སྐྲུན་བཞིན་པའི་ཏ་རུའེ་དང་། ཏ་ལིན། ཏ་ལི་ལྕགས་ལམ་བཅས་དང་མཐུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།