འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ནས་ཐོན་པའི་གནམ་གྲུ་དྲུག་ནེ་པ་ལར་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན། ཀྲུང་གོ་ནས་ཐོན་པའི་ཡུན་12Eཡི་གནམ་གྲུ་གཉིས་རྩིས་སྤྲོད་མཛད་སྒོ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུའི་ཐེ་ལི་པུའུ་དབུན་གནམ་ཐང་དུ་འཚོགས་པ་རེད། དེ་ཐོག་ནས་ནེ་པ་ལའི་སྲིད་གཞུང་གིས་ཉོས་པའི་ཀྲུང་གོ་ནས་ཐོན་པའི་ཤིན་ཀྲོའུ་60རྟགས་ཅན་གྱི་གནམ་གྲུ་གཉིས་དང་ཡུན་12Eཡི་གནམ་གྲུ་བཞིའི་རྩིས་སྤྲོད་ལས་དོན་རྦད་དེ་ལེགས་གྲུབ་བྱུང་བ་མཚོན་ཡོད།
         ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་2013ལོའི་ཟླ་11པར་གྲོས་མཐུན་ལ་མིང་རྟགས་བཀོད་པ་གཞིར་བཟུང་། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་ལ་ཤིན་ཀྲོའུ་60རྟགས་ཅན་དང་ཡུན་12Eགནམ་གྲུ་རེ་རོགས་སྐྱོར་བྱས་པ་དང་། གཟིགས་སྐྱོང་དབུལ་བུན་གཏོང་སྟངས་ལ་བརྟེན་ནས་ཤིན་ཀྲོའུ་60རྟགས་ཅན་གྱི་གནམ་གྲུ་གཅིག་དང་ཡུན་12Eགནམ་གྲུ་གསུམ་སྤྲད་ཡོད། རྣམ་གྲངས་དེ་ཀྲུང་གོ་མཁའ་འགྲུལ་ལག་རྩལ་རྒྱལ་སྤྱི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིས(ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱི)ལག་ལེན་བསྟར་རྒྱུའི་འགན་འཁུར་བ་དང་། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་མ་རྩ་མཉམ་འདྲེས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས་ཡོད། 2014ལོ་ནས་བཟུང་གནམ་གྲུ་དྲུག་ཁག་ཐེངས་གསུམ་དུ་ཕྱེ་ནས་སྤྲད་པ་རེད།
         ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱིས་མཁོ་འདོན་བྱས་པའི་ཆ་འཕྲིན་ལས་མིག་སྔའི་བར། དེ་གོང་རྩིས་སྤྲད་པའི་གནམ་གྲུ་བཞིས་རིམ་རྩིས་བྱས་ན་ཆུ་ཚོད་5600ལྷག་ཙམ་འཕུར་སྐྱོད་བྱས་ཏེ་ཡུལ་དེའི་མི་སེར་ཚོ་ཕྱིར་སྐྱོད་དང་ནེ་པ་ལའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་བ་མངོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།