འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་དང་ཆའང་རིགས་དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་ཀྱིས་
    མི་ཁྲི་མང་པོ་ཕྱུག་འགྱུར་ལམ་བུའི་ཐོག་སྣེ་ཁྲིད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ནུབ་མཚོ་གྲོང་ཁྱེར་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། རིག་གནས་ཐོན་ལས་འདི་ཉིད་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད། མིག་སྔར“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་25ཡི་ནང་ནས་རྣམ་གྲངས་24སྐྲུན་འགོ་ཚུགས་པ་དང་བོད་རིགས་དང་། ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས(མཚོ་སྔོན་ཁུལ་ཁོངས)འཆར་འགོད་ཀྱིས་རིག་གནས་ཐོན་ལས་རྣམ་གྲངས་17ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
         མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ཉེ་བའི་ལོའི་ནང་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་འཆར་འགོད་ཀྱི་ཁྲིད་སྟོན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་སོགས་ཀྱི་བྱེད་ཐབས་བརྒྱུད། རིག་གནས་ཐོན་ལས་གོ་རིམ་ལྡན་པའི་ངང་གཅིག་འདུས་ཡོང་རྒྱུར་སྐུལ་འདེད་བཏང་བས། ཞིང་ཆེན་ཡོངས་སུ་གཞི་ཁྱོན་ངེས་ཅན་ལྡན་པའི་ཁྱད་ལྡན་རིག་གནས་ཐོན་ལས་གཅིག་འདུས་ཁུལ་ཁག་གཅིག་ཐོག་མར་ཆགས་ཡོད་པ་རེད། བོད་རིགས་དང་། ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས(མཚོ་སྔོན་ཁུལ་ཁོངས)ཀྱི་མི་རིགས་ས་ཁུལ་གྱི་རིག་གནས་ཁེ་ལས་ཐོག་མའི་དུད་ཚང་926ནས་ད་ཆའི་དུད་ཚང་1591བར་འཕར་བ་དང་ལས་ཞུགས་མི་སྣ་ཁྲི་3ནས་ཁྲི་4.4བར་འཕར་ཡོད་པ་རེད།
         མིག་སྔར་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་ཐང་ག་དང་། འཇིམ་སྐུ། འཚེམ་དྲུབ། རྡོ་བརྐོས་སོགས་ཀྱིས་གཙོ་བོར་བྱེད་པའི་རེབ་གོང་རིག་གནས་ཐོན་ལས་གཅིག་འདུས་ཁུལ་ཆགས་ཡོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་བོད་ཀྱི་འཚེམ་དྲུབ་དང་མི་རིགས་གོས་རྒྱན་གྱིས་གཙོ་བོར་བྱེད་པའི་རིག་གནས་ཐོན་ལས་གཅིག་འདུས་ཁུལ་ཆགས་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རུ་རྒྱ་མདོའི་པད་ཁའི་མེ་ཏོག་དང་། ཝང་ལུའོ་པིན་གྱི་རོལ་དབྱངས་ཉམས་ལེན་རྟེན་གཞི། མདའ་བཞི་དམངས་སྲོལ་གྲོང་ཚོ་སོགས་ཀྱི་བརྗོད་དོན་གཙོ་བོའི་མཚོ་སྐོར་རིག་གནས་ཡུལ་སྐོར་གཅིག་འདུས་ཁུལ་ཆགས་ཡོད་པ་རེད།
         མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་ས་གནས་དེ་གའི་ཁྱད་ལྡན་རིག་གནས་ཐོན་ཁུངས་གཞི་རྟེན་དུ་བྱས་པས། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཁུ་ནུའི་རིག་གནས་དང་། གླིང་སྒྲུང་རིག་གནས། ཁམས་པའི་རིག་གནས་བཅས་ཀྱི་ཐོན་ལས་གཅིག་འདུས་ཁུལ་ཆགས་པ་དང་རྣམ་གྲངས་ཁག་གཅིག་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་དང་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལས་སྟེགས་དང་ཐབས་ལམ་གལ་ཆེན་དུ་གྱུར་ཡོད་པ་རེད།
         འདི་ལོ་མཚོ་སྔོན་གྱིས་རྨ་ལྷོ་ཁུལ་གྱི་ལྟེ་བའི་ཁུལ་ཁོངས་ཀྱི་དཔེ་སྟོན་མུ་མཐུད་སྣེ་ཁྲིད་དང་མཐའ་འཁོར་ལ་ཁྱབ་འགྱེད་ཐུབ་པ་བྱས་ནས་ཞིང་ཆེན་དེ་ཡོངས་སུ་འཐུས་སྒོ་ཚང་བའི་མི་རིགས་ཀྱི་ཁྱད་ལྡན་རིག་གནས་མ་ལག་དང་འཛད་སྤྱོད་ཀྱི་ཁྲོམ་ར་ཆགས་པ་བྱ་རྒྱུ་རེད། དེ་དང་དུས་མཚུངས་རིག་གནས་ཐོན་ལས་དང་བཟོ་སྐྲུན་དང་། ཨར་སྐྲུན། ཆ་འཕྲིན། ཡུལ་སྐོར། ཞིང་ལས། ལུས་རྩལ། བདེ་ཐང་སོགས་ཀྱི་འབྲེལ་ཡོད་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཁྱད་ལྡན་རིག་གནས་ཐོན་ལས་སྐྱེད་སྲིང་བྱ་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།