འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཅིན་ཀྲེང་ཨེན་གྱིས་ཀྲུང་གོའི་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི་པ་ལིའི་ཞབས་བྲོ་
    《གསར་བརྗེའི་བུད་མེད་དམག་》ཅེས་པར་གཟིགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 12:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན། ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་དང་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞོལ་ཀྲུའུ་ཡིས་ཕོང་དབྱང་དུ་ཀྲུང་གོའི་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི་པ་ལིའི་ཞབས་བྲོ་《གསར་བརྗེའི་བུད་མེད་དམག་》ཅེས་པར་གཟིགས་པ་རེད།
         ཉིན་དེའི་དགོང་མོ། ཕོང་དབྱང་ཟློས་གར་ཁང་ཆེ་མོའི་ནང་འཁྲབ་སྟོན་བྱས་པ་དང་། ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞོལ་ཀྲུའུ་ཡིས་འཁྲབ་སྟོན་ཧྲིལ་པོར་གཟིགས་ནས་འཁྲབ་སྟོན་པས་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱས་པར་ཐལ་མོའི་རྡེབ་སྒྲ་བར་མེད་ངང་གྲགས་པ་རེད།
         འཁྲབ་སྟོན་མཇུག་སྒྲིལ་རྗེས། ཚོགས་ར་ཡོངས་ཀྱི་ལྟད་མོ་བའི་དགའ་སྤྲོ་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞོལ་ཀྲུའུ་ཡིས་སྡིངས་ཆའི་ཐོག་ཕེབས་ནས་འཁྲབ་སྟོན་མི་སྣར་ཕྱག་བཏང་གནང་བ་དང་། སྒྱུ་རྩལ་མཁས་ཅན་རྣམས་ཀྱིས་ཁྱད་དུ་འཕགས་པའི་འཁྲབ་སྟོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ་ཚང་མ་དང་མཉམ་དུ་དྲན་རྟེན་པར་སྐྱོན་པ་རེད། ཁྲའོ་ཞན་གྱི་གདན་ཞུས་ལྟར། ཚེས་13ཉིན་ཀྲུང་གོའི་སྒྱུ་རྩལ་ཚོགས་པས་ཁྲའོ་ཞན་ལ་འཚམས་འདྲི་བྱེད་འགོ་ཚུགས་པ་དང་། སྐབས་31པའི“དཔྱིད་ཟླ་བཞི་པ”ཞེས་པའི་རྒྱལ་སྤྱིའི་མཛའ་གྲོགས་སྒྱུ་རྩལ་དུས་ཆེན་ནང་ཞུགས་པ་རེད། དེའི་རིང་སྒྱུ་རྩལ་ཚོགས་པས《གསར་བརྗེའི་བུད་མེད་དམག》ཅེས་པ་ཐེངས་གཉིས་འཁྲབ་སྟོན་བྱས་པ་དང་འབྲེལ་གདན་ཞུས་ལྟར་སྒྱུ་རྩལ་དུས་ཆེན་གྱི་མཇུག་འགྲིལ་མཛད་སྒོར་ཞུགས་རྒྱུ་རེད།
         ཁྲའོ་ཞན་གྱིས་ཀྲུང་གོའི་སྒྱུ་རྩལ་ཚོགས་པ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པས་སྨྱན་སྦྱོར་ཁག་གི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། 《ངལ་རྩོལ་གསར་འགྱུར་》ནང་རྩོམ་ཡིག་བཀོད་ནས་ཁྲའོ་ཞན་གྱི་ཏང་དང་སྲིད་གཞུང་གིས་ཀྲུང་གོའི་སྒྱུ་རྩལ་མཁས་ཅན་རྣམས་གྲོགས་པོ་ཉེ་ཤོས་ལ་བརྩིས་ནས་སྣེ་ལེན་ཞུས་ཡོད་ཅེས་འཁོད་པ་དང་། ཀྲུང་གོའི་སྒྱུ་རྩལ་ཚོགས་པ་ཁྲའོ་ཞན་ལ་འཚམས་འདྲི་བྱེད་པར་ཡོང་བ་དེས་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བའི་སྲོལ་རྒྱུན་རྒྱུན་འཛིན་དང་། སྲ་བརྟན། འཕེལ་རྒྱས་བཅས་གཏོང་བའི་གོ་སྐབས་གལ་ཆེན་མངོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།