འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོ་ལན་གྱི་མཁས་དབང་གིས་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་རིང་ཐོབ་པའི་
    འགྱུར་ལྡོག་ལ་བགྲོ་གླེང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཕོ་ལན་གྱི་གྲགས་ཅན་སློབ་གླིང་མང་པོའི་མཁས་དབང་20ལྷག་ཙམ་གྱིས་ཉེ་དུས་རྒྱལ་ས་ཝར་སོར“ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་རིང་སྤྱི་ཚོགས་དང་རིག་གནས་ཐད་ཐོབ་པའི་འགྱུར་ལྡོག”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བགྲོ་གླེང་ཚོགས་འདུ་འཚོགས་ཏེ་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཐོབ་པའི་གྲུབ་འབྲས་དང་འགྱུར་ལྡོག་ལ་བགྲོ་གླེང་བྱས་པ་རེད།
         ཝར་སོ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སློབ་ཆེན་ཨེ་ཤེ་ཡ་ཤར་མའི་ཤེས་དཔལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཅ་ཕུའུ་ལི་ཁོ་ཕུའུ་སི་ཅི་ཡིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་ནང་ཀྲུང་གོ་འདི་ཉིད་དབུལ་ཕོངས་རྗེས་ལུས་ཀྱི་རྒྱལ་ཁབ་ནས་ད་ཆ་འཛམ་གླིང་དཔལ་འབྱོར་གྱི་གར་སྟེགས་ཐོག་གནས་བབ་གལ་ཆེན་བཟུང་བའི་བར་ཀྲུང་གོར་འཕེལ་རྒྱས་ཧང་སངས་དགོས་པ་བྱུང་ཡོད་ཅེས་བཤད།
         ཅ་ཕུའུ་ལི་ཁོ་ཕུའུ་སི་ཅི་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཀྲུང་གོར་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ཀྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དེ་རྒྱལ་ཁབ་གཞན་གྱི་ལོ་བརྒྱ་ཕྲག་གི་འཕེལ་རྒྱས་གྲུབ་འབྲས་ལས་བརྒལ་ཡོད་ཅེས་བཤད།
         ཕོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སྲིད་དོན་ཚན་ཙན་ཡའོ་ཏུང་ཡེ་ཡིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེས་ཀྲུང་གོ་དང་ཀྲུང་གོའི་མི་དམངས་ལ་ཕན་པ་ཐོབ་པ་ཙམ་མ་ཟད། ད་དུང་འཛམ་གླིང་ཧྲིལ་པོར་ཡང་ཕན་པ་ཐོབ་ཡོད། ཉེ་དུས་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་ཕུལ་ཚད་30%ལས་བརྒལ་ནས་གོ་ལ་ཧྲིལ་པོའི་ཚོང་དོན་འཕར་རྒྱུར་ལེགས་སྐྱེས་ཕུལ་མཁན་ཨང་དང་པོ་དེར་གྱུར་ཡོད། ཕོ་ལན་འདི་ཉིད་ཀྲུང་གོའི་ཡོ་རོབ་དབུས་ཤར་ས་ཁུལ་གྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱང་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།