མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་སྐབས་བཅུ་དགུ་པའི་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་
ཚོགས་འདུ་ཐེངས་དང་པོར་ཞུགས་པ་དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ལ་ཏང་གིས་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མིག་སྔའི་རྒྱལ་ཁབ་བདེ་འཇགས་ཀྱི་དུས་བབ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཁྱོན་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་ཆེད་བདེ་འཇགས་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་བཤད་གནང་དོན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་4སོང་ཚུན། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་བླང་བྱ་གཞིར་བཟུང་སྟེ། རྒྱལ་ཁབ་བདེ་འཇགས་མ་ལག་གི་སྒྲོམ་གཞི་གཙོ་བོ་ཐོག་མར་བཙུགས་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་པར་བྱས་པ། རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་བ། རྒྱལ་ཁབ་བདེ་འཇགས་ལས་ཀའི་མཐུན་སྦྱོར་ལམ་སྲོལ་བཙུགས་པ། ཡུན་རིང་ཐག་གཅོད་བྱེད་དགོས་བསམ་རུང་ཐག་གཅོད་མ་བྱུང་བའི་དཀའ་གནད་ཐག་གཅོད་བྱས་པ། སྔོན་ཆད་སྒྲུབ་དགོས་བསམ་རུང་མ་འགྲུབ་པའི་དོན་ཆེན་བསྒྲུབས་པ། རྒྱལ་ཁབ་བདེ་འཇགས་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྤྱི་ཡོངས་རང་བཞིན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཡོད།
         ཞི་ཅིན་ཕིང་གིས་བསྟན་གནང་དོན། མདུན་སྐྱོད་ཀྱི་ལམ་བུ་ནི་གེགས་མེད་བདེ་བགྲོད་ཅིག་མ་ཡིན་ཞིང་། མདུན་ལམ་ཇི་ཙམ་གྱིས་འོད་སྟོང་ལྡན་ན་སེམས་ཁྲལ་གྱི་འདུ་ཤེས་དེ་ཙམ་གྱིས་ཆེ་བ་དགོས་ལ་བདེ་སྡོད་ཉེན་བསམ་བྱས་ནས་ཉེན་ཁ་དང་འགྲན་སློང་ཚབས་ཆེན་ཕྱོགས་ཡོངས་ནས་ཤེས་རྟོགས་དང་དེར་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་དགོས། གཙོ་གནད་ལ་དམིགས་ཏེ་གཙོ་རྐང་དམ་འཛིན་དང་ཡན་ལག་སྐུལ་ཁྲིད་བྱས་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་འགོག་ཟོན་གྱི་ཕྱི་ནང་མཉམ་འགུལ་དང་མཉམ་གསོག་མཉམ་སྣོན་བྱ་རྒྱུར་ཤུགས་བརྒྱབ་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁྱོན་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པར་འཕེལ་རྒྱས་དང་བདེ་འཇགས་དོན་ཆེན་གཉིས་ལ་སྤྱི་འདོམས་བྱ་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་སྤྱོད་མཁས་པོ་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་དངོས་ཡོད་སྟོབས་ཤུགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་བདེ་འཇགས་ཀྱི་ཁོར་ཡུག་སྐྲུན་མཁས་པོའང་དགོས་པ་དང་། མི་དམངས་ཀྱི་བདེ་འཇགས་དང་། ཆབ་སྲིད་ཀྱི་བདེ་འཇགས། རྒྱལ་ཁབ་ཀྱི་ཁེ་ཕན་གོང་བཀུར་བཅས་གཅིག་གྱུར་ནུས་ལྡན་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས། མི་དམངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་དམིགས་ཡུལ་དང་། ཆབ་སྲིད་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྩ་བ། རྒྱལ་ཁབ་ཀྱི་ཁེ་ཕན་གོང་བཀུར་ནི་རྒྱལ་ཁབ་བདེ་འཇགས་ཀྱི་ཚད་གཞི་བཅས་ཡིན་པས་མི་དམངས་བདེ་སྡོད་ལས་བརྩོན་དང་། ཏང་གིས་ཡུན་རིང་སྲིད་སྐྱོང་། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་ཡོང་བ་བྱེད་དགོས། འགོག་ཟོན་གཙོ་བོར་བཟུང་རྒྱུ་མཐའ་འཁྱོངས་བྱེད་དགོས་ལ་ཉེན་ཁ་ཐག་གཅོད་ནུས་ལྡན་ཡང་བྱེད་དགོས། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་དང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། གསར་གཏོད་ནི་རིམ་པ་དེ་བས་མཐོ་བ་དང་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དེ་བས་ཆེ་བའི་སྲུང་སྐྱོང་བྱེད་སྟངས་ཤིག་ཡིན། འགན་འཁྲི་འཁུར་ཐུབ་པའི་རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་སྤེལ་བྱས་ཏེ་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་སྤྱི་འདོམས་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་བདེ་འཇགས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་སྤྱི་ཡོངས་ཁྲོད་བཞག་སྟེ་སྟངས་འཛིན་བྱེད་པ་དང་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ནས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས།
         ཞི་ཅིན་ཕིང་གིས་བསྟན་གནང་དོན། རྒྱལ་ཁབ་བདེ་འཇགས་ལས་དོན་དེ་དུས་རབས་གསར་པའི་བླང་བྱ་གསར་པ་དང་འཚམ་མཐུན་ཡོང་བ་བྱས་ཏེ། ཕྱོགས་གཅིག་ནས་མིག་སྔར་དམ་འཛིན་བྱེད་དགོས་པ་དང་ཕྱོགས་གཞན་ཞིག་ནས་ཕུགས་ལ་དམིགས་དགོས་ཤིང་། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བདེ་འཇགས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་ཚབས་ཆེན་འགོག་ཟོན་བྱེད་པ། ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།
     ཞི་ཅིན་ཕིང་གིས་ཏང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དེ་བས་ནུས་ལྡན་གྱི་གཅིག་འདོམས་དང་མཐུན་སྦྱོར་བྱེད་དགོས། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་སྤྱི་འདོམས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཡོངས་སྟངས་འཛིན་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་བའི་ཐད་ཤུགས་ཆེན་པོ་རྒྱག་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་བདེ་འཇགས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་བདེ་འཇགས་སྡེ་ཚན་དང་རིམ་ཁག་ལས་བྱེད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་རྒྱུ་དང“གདེང་ཚོད་བཞི”བརྟན་དུ་གཏོང་རྒྱུའི་སློབ་གསོ་གཏོང་དགོས་ལ་ཁྲིད་སྟོན་ཡང་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ལྷག་བསམ་རྣམ་པར་དག་ལ་བློས་འགེལ་ཆོག་པའི་རྒྱལ་ཁབ་བདེ་འཇགས་ཀྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།